2021-04-23ཉར་ཚགས་བྱ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་འཆར་གཞི།

རྩོམ་སྒྲིག་འགན་འཁུར་བ།:办公室 ཁྱབ་བསྒྲགས་དུས་ཚོད།:2020-11-27

 མིག་སྔར་རང་རེ་སློབ་གླིང་གིས་ཏང་གི་སྐབས་བཅུ་དགུ་བའི་ཚོགས་ཆེན་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།  ཐེངས་གསུམ་པ།   ཞི་ཅིན་ཕིང་གིས་ལས་སྟངས་འཛུགས་སྐྲུན་གྱི་གལ་ཆེ་བའི་མཛུབ་སྟོན་དགོངས་དོན་ལག་ལེན་དོན་འཁྱོལ་བྱེད་པ་དང་།    ཞིང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཕེལ་རྒྱས་ཐད་ཀྱི་འཆར་འགོད།  ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཁོངས་གཏོགས་ཁྲིམས་ཁང་གི་བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་འཆར་གཞི་བཅས་ཀྱི་བླང་བྱ་ལྟར།   སློབ་གླིང་གི་ལས་བྱེད་མི་སྣའི་འདུ་ཤེས་བཞི་སྲ་བརྟན་དུ་གཏོང་བ་དང་འགན་འཁྲིའི་འདུ་ཤེས་ལ་ཤུགས་སྣོན་བྱ་ཆེད་དང་།  བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཕེལ་རྒྱས་གོང་འཕེལ་དུ་གཏོང་ཆེད།  རང་རེ་སློབ་གླིང་གི་བྱ་བ་དངོས་ལ་འབྲེལ་ཏེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་འཆར་གཞི་འདི་སྤེལ་བ་ཡིན། འཆར་གཞིའི་ནང་སྤྱིའི་རེ་བ་དང་དམིགས་འབེན།  འགན་འཁུར་གཙོ་བོ། གོ་རིམ་བཀོད་སྒྲིག   རྩ་འཛུགས་དང་ཁག་ཐེག་སོགས་ཕྱོགས་ཆེན་པོ་བཞི་ནས་སློབ་གླིང་གི་བྱ་བའི་ལས་སྟངས་བསྒྱུར་བཅོས་དང་ཁོར་ཡུག་འཛུགས་སྐྲུན་ལོའི་བྱ་འགུལ་སྤེལ་བའི་འཆར་གཞི་འདི་ཞིབ་ཕྲའི་ངང་བཀོད་སྒྲིག་བྱས་ཡོད།

 


加强双语法制人才培养,保障民族团结进步事业
甘肃省法官学院二维码