2021-04-23ཉར་ཚགས་བྱ།

ངེད་སློབ་གླིང་ནས་རྒྱལ་ཡོངས་གྲང་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་བཞུགས་མོལ་ཚོགས་འདུ་བསྡུས།

རྩོམ་སྒྲིག་འགན་འཁུར་བ།:办公室 ཁྱབ་བསྒྲགས་དུས་ཚོད།:2020-11-27

ཡང་དག་པའི་སྒོ་ནས་ལག་ལེན་མཐའ་འཁྱོལ་བྱས་ཏེ་ཀྲུང་དབྱང་གི་མགོ་ཁྲིད་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་མགོ་ཁྲིད་ཀྱིས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གི་སྐད་གཉིས་ཤེས་ལྡན་མི་སྣའི་བྱ་བར་མཛུབ་སྟོན་བྱས་པའི་སྙིང་སྟོབས་ལ་གསོ་སྐྱོང་བྱ་བའི་ཆེད་དུ། ༢༠༡༧ལོའི་ཟླ་༧་པའི་ཚེས་༣༡་ཉིན། ཞིང་ཆེན་ཨུ་ཡོན་ནམ་སྲིད་ཁྲིམས་ཨུ་ཡོན་གྱི་ཧྲུའུ་ཅི་ཚེ་དཔག་སྐྱབས་ལགས་ཀྱི་ཞིང་ཆེན་སྒྲིག་བཟོ་ལས་གཉེར་ཁང་དང་། ཞིང་ཆེན་འཕེལ་རྒྱས་དང་བཅོས་བསྒྱུར་ཨུ་ཡོན། ཞིང་ཆེན་ནོར་སྲིད་ཐིན་སོགས་འབྲེལ་ཡོད་སྡེ་ཁག་འགན་འཁུར་པ་དག་སྣེ་འཁྲིད་བྱས་ཏེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞི་རུ་སོང་ཏེ་ཡུལ་དངོས་ཞིབ་འཇུག་བརྟག་དཔྱད་བཞུགས་མོལ་ཚོགས་འདུ་གནང་།     ཚེ་དཔག་སྐྱབས་ལགས་ཀྱི་རྒྱལ་ཡོངས་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱས་པའི་གསབ་སྦྱོང་གི་བྱ་བ་དང་། འབྲུག་ཆུའི་གསབ་སྦྱོང་གནས་གཞིའི་བྱ་བའི་འཁོར་བསྐྱོད་ཀྱི་གནས་ཚུལ། ད་དུང་གནས་གཞིའི་བསྒྱུར་བཅོས་དང་བཟོ་བསྐྲུན་སྒྲིག་བཀོལ་ལས་གཞིའི་འཛུགས་སྐྲུན་ཐོག་གནས་པའི་དཀའ་ཁག་བཅས་གཏིང་ཟབ་པའི་སྒོ་ནས་རྒྱུས་ལོན་བྱས་པ་མ་ཟད་ཁོས་ད་དུང་ནན་གྱིས་བསྟན་དོན། མི་རིགས་ཁྲིམས་དཔོན་གསོ་སྐྱོང་བྱས་པར་ཤུགས་སྣོན་དགོས་པ་དང་། མི་རིགས་ས་ཁུལ་ཁྲིམས་དཔོན་གྱི་སྤུས་ཚད་སྤྱི་ཡོངས་ནས་མཐོར་འདེགས་བཏང་སྟེ། མི་རིགས་མཐུན་སྒྲིལ་ལ་ཡར་སྐུལ་དང་། མི་རིགས་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བྱ་བའི་རྨང་གཞི་རང་བཞིན་ལ་སྲུང་སྐྱོང་། འབྲེལ་ཡོད་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་མགོ་ཁྲིད་ཀྱི་མཛུབ་སྟོན་སྙིང་སྟོབས་ལ་ནན་ཏན་སྒོས་དོན་ཐོག་ཏུ་མཐའ་འཁྱོལ་བྱས་ཏེ། ཚད་མཐོའི་མཐོང་ཆེན་དང་། ཤུགས་ཆེན་པོའི་འབྲུག་ཆུ་མི་རིགས་ཁྲིམས་དཔོན་གསབ་སྦྱོང་གནས་གཞིའི་འཛུགས་བསྐྲུན་ལ་རྒྱབ་སྐྱོར། གང་མགྱོགས་སྒོས་འཛུག་བསྐྲུན་མྱུར་ཚད་མཐོར་འདེགས་སུ་བཏང་སྟེ། མི་རིགས་གསབ་སྦྱོང་བྱ་བ་ཇེ་ལེགས་སུ་གཏོང་བར་འགན་སྲུང་དང་ནུས་ལྡན་སྒོས་འདོན་སྤེལ་གང་ལེགས་གནང་དགོས་པར་བཤད། ཞིབ་འཇུག་བརྟག་དཔྱད་བྱ་བའི་བརྒྱུད་རིམ་ཁྲོད། ཚེ་དཔག་སྐྱབས་ལགས་རྒྱལ་ཡོངས་གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་ཁང་གི་ཁྲིམས་དཔོན་གྱི་བཞུགས་མོལ་ཚོགས་འདུ་སྟེང་དངོས་སུ་ཕེབས་ཏེ། ཞིང་ཆེན་༡༤བོད་རང་སྐྱོང་ཁུལ་ནས་ཕེབས་པའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ཁྲིམས་དཔོན་དར་མ་དང་གཞོན་པ་༡༠༠ལྷག་དང་དངོས་སུ་ཐུགས་འཕྲད་གནང་།

ཐེངས་འདིའི་ཚོགས་འདུ་རུ་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅིའམ་ཡོན་ཀྲང་ལེང་མིན་ཡོན་ཁོང་ཚོ་དང་མཉམ་དུ་ཕེབས་ཏེ་ཞིབ་འཇུག་བརྟག་དཔྱད་གནང་ངོ་། །

 

 


加强双语法制人才培养,保障民族团结进步事业
甘肃省法官学院二维码