2021-04-23ཉར་ཚགས་བྱ།

གོང་རིམ་གྱི་ཐུགས་ཁུར།

རྩོམ་སྒྲིག་འགན་འཁུར་བ།:办公室 ཁྱབ་བསྒྲགས་དུས་ཚོད།:2020-11-27

00.jpg

 མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་རིགས་ས་ཁུལ་ནས་ཡང་དག་པར་ལག་ལེན་ལ་སྐུལ་འདེད་བྱེད་པའི་མཐོ་ཚད་ལས་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་བྱ་བ་སྐུལ་འདེད་བྱེད་པའི་གལ་ཆེན་དོན་སྙིང་ངོས་ཟིན་ཕུན་སུམ་ཚོགས་པ་ཡོད་པར་བྱས་སྟེ། སློབ་གླིང་འདི་མི་རིགས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གནས་གཞི་ཞིག་དང་། མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་བྱེད་པའི་གནས་གཞི་ཞིག མི་རིགས་ཁྲིམས་ལུགས་རིག་གནས་བརྗེ་རེས་བྱེད་པའི་གནས་གཞི་ཅན་ཞིག་ཧུར་ཐག་སྒོས་འཛུགས་སྐྲུན་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་སྒོས་ལམ་སྲོལ་གསར་གཏོད། དོ་དམ་འཐུས་ཚང་། དམ་པ་དོན་གཉེར་བཅས་བྱས་སྟེ། སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ཐད་ལ་ཤུགས་བསྣན་ནས་ཤེས་ལྡན་མི་སྣ་དང་ཟབ་སྦྱོང་གི་གྲུབ་འབྲས་མང་པོ་ཐོན་པར་འབད་དགོས།

                   ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཧྲུའུ་ཅི།  ཡོན་ཀྲང་ཀྲུའུ་ཆང་།

 

    “བོད་རྒྱ་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་”ཀྱི་སྒྲིག་བསྒྱུར་ནི་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ཀྱི་གོམ་པ་ཆུང་ཆུང་ཞིག་ཡིན་ན་ཡང་། ཤུགས་རྐྱེན་ཧ་ཅང་ཆེ། དེས་ཁྲིམས་འཛིན་ལས་ཆོད་མཐོར་འདེགས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་རིགས་ས་ཁུལ་ནས་ཡང་དག་པར་ལག་ལེན་བྱེད་པ་ལ་སྐུལ་སྤེལ་བྱེད་པར་ཕན་འབྲས་ལྡན་པའི་ཆ་རྐྱེན་སྐྲུན་ཡོད་པ་རེད། བསླབ་དེབ་དཔེ་སྐྲུན་བྱས་པ་ནི་བྱས་རྗེས་དེང་རབས་ལ་བཞག་ཀྱང་འབྲས་བུ་བསྐལ་བརྒྱ་རུ་སྨིན་པའི་དོན་བཟང་ཞིག་ཡིན་པ་མ་ཟད་ཀྲུང་དབྱང་གི་མི་རིགས་བྱ་བའི་དགོངས་དོན་ལག་ལེན་མཐའ་འཁྱོལ་བྱེད་པའི་མཚོན་རྟགས་ཤིག་ཀྱང་ཡིན།

 

རྒྱལ་ཡོང་སྲིད་གྲོས་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་བྰང་ཀྲིན་ཝེ།

 

    སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་ལ་ཤུགས་བསྣན་ནས་མི་རིགས་མཐུན་སྒྲིལ་ཡར་རྒྱས་བྱ་བཞག་འགན་སྲུང་བྱེད་དགོས་པ་དང་། མི་རིགས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག རྒྱ་བོད་སྐད་གཉིས་བཅའ་ཁྲིམས་ཟབ་སྦྱོང་བསླབ་དེབ་ཀྱི་སྒྲིག་བསྒྱུར། བཅའ་ཁྲིམས་སྐོར་གྱི་སྲོལ་ཡིག་དང་ཁྲིམས་འཛིན་འགྲེལ་བཤད་ཤན་སྦྱར་གྱི་ལོ་ཙྰ། ཡིག་ཚགས་ཐོན་ཁུངས་ཀྱི་སྒྲིག་འཛུགས་དང་ཆ་འཕྲིན་ཅན་འཛུགས་སྐྲུན་བཅས་ཀྱི་ཐད་དུ་སློབ་གླིང་གིས་མུ་མཐུད་དུ་འབད་པ་བྱས་ནས། ཧུར་ཐག་སྒོས་རང་རེའི་སློབ་གླིང་འདི་རྒྱལ་ཡོངས་ཀྱི་ཡང་རྩེ་རུ་སོན་པའི་མི་རིགས་ཁྲིམས་ལུགས་ཤེས་ལྡན་མི་སྣ་ཟབ་སྦྱོང་གནས་གཞིའི་འཐབ་ར་འགངས་ཆེན་ཞིག་ཏུ་བསྐྲུན་དགོས།

 

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་ཀྲུའུ་རིན་གཞོན་པ། རྟ་མགྲིན་དབང་འབུམ

 

    ཕྱོགས་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དེས་ཁྲིམས་དཔོན་ཀྱི་ཟབ་སྦྱོང་སློབ་གསོ་བྱ་བར་བཏོན་པའི་བླང་བྱ་གསར་བ་གང་ཡིན་པ་ཡང་དག་པར་དམ་འཛིན་བྱས་ནས། ཏན་ཏན་ཏིག་ཏིག་སྒོས་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་བྱ་བ་སྤེལ་ཏེ། ཕྱོགས་ཡོངས་ནས་སྐད་གཉིས་ཟབ་སྦྱོང་བྱ་བའི་ཁ་གཏད་རང་བཞིན་དང་། དངོས་སྤྱོད་རང་བཞིན་དང་ནུས་ལྡན་རང་བཞིན་བཅས་མཐོར་འདེགས་བཏང་ནས། སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་གི་གཅིག་དྲིལ་ཅན་གྱི་གནས་སྟངས་འཐུས་ཚང་དུ་གཏོང་དགོས།

                            ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་མི་སྣ། ཡོན་ཀྲང་གཞོན་པ། ཧེ་རོན།

 

   འབྲུག་ཆུའི་གནས་གཞི་འདིས་སྐད་གཉིས་ཁྲིམས་ལུགས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཕྱོགས་སུ་ཕན་འབྲས་ལྡན་པའི་ཚོད་ལྟ་གང་མང་བྱས་མྱོང་བ་དང་། སློབ་གླིང་ཕྱི་ནང་གི་འཛུགས་སྐྲུན་ཐད་དུའང་རང་གི་ཁྱད་ཆོས་ལྡན། སློབ་གླིང་འདི་ནི་སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱེད་སའི་གནས་མཆོག་ཅིག་ཡིན་པར་མ་ཟད། མི་རིགས་བཅའ་ཁྲིམས་རིག་གནས་ཀྱི་གླིང་ཀ་ཉམས་དགའ་བ་ཞིག་ཀྱང་ཡིན་པ་རེད།

                                                   

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་གཞོན་པ། ཐོ་ཁའེ་ཡོན།

 

    ཟབ་སྦྱོང་སློབ་གསོ་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གཏུག་རང་བཞིན་ངོས་ཟིན་ཕུན་སུམ་ཚོགས་པ་ཡོད་པར་བྱས་ཏེ། ཕྱོགས་ཡོངས་ནས་ཟབ་སྦྱོང་སློབ་གསོའི་བྱེད་ནུས་གལ་ཆེན་འདོན་སྤེལ་བྱེད་པ་དང་། གོམ་གང་མདུན་སྤོས་སྒོས་ཟབ་སྦྱོང་གི་ནང་དོན་ལེགས་སྒྲིག་དང་ཟབ་སྦྱོང་ཐབས་ལམ་གསར་སྤེལ་བྱས་ནས། ཟབ་སྦྱོང་སློབ་གསོ་བྱ་བ་ཚན་རིག་ཅན་དང་ཚད་ལྡན་ཅན་ཏུ་གཏོང་བའི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས།

                   

ཆེས་མཐོ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་མི་སྣ། ཆབ་སྲིད་པུའུ་ཀྲུའུ་རིན་ཞུ་ཅ་ཞིན།  

 

    སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་གསོ་སྐྱོང་ལ་ཤུགས་སྣོན་བྱེད་པ་ནི་མི་རིགས་ས་ཁུལ་སྤྱི་ཚོགས་བདེ་འཇགས་སྲུང་སྐྱོང་བྱེད་པའི་རྨང་གཞིའི་རང་བཞིན་ལྡན་པའི་བྱ་བ་ཞིག་ཡིན་པས། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་མི་རིགས་ས་ཁུལ་ནས་ཡང་དག་པར་ལག་ལེན་བྱེད་པར་སྐུལ་འདེད་བྱེད་པའི་མཐོ་ཚད་ལས་བལྟོས་ཏེ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་བྱ་བའི་གལ་ཆེ་བའི་དོན་སྙིང་ལ་ངོས་ཟིན་ཕུན་སུམ་ཚོགས་པ་ཡོད་པར་བྱས་ནས།   ཧུར་ཐག་སྒོས་དོན་བཟང་འདི་ལེགས་པོ་སྒྲུབ་དགོས།

             ཀན་སུའུ་ཞིང་ཆེན་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཚེ་དཔག་སྐྱབས།

 

   རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་འབྲུག་ཆུ་མི་རིགས་ཁྲིམས་དཔོན་ཟབ་སྦྱོང་གནས་གཞི་ལ་ལས་བཟོ་བ་མི་འདང་བ་དང་སྒྲིག་ཁུངས་ཉིང་བ་སོགས་ཀྱི་གནད་དོན་ཡོད་པ་མཐའ་དག་གཅིག་གྱུར་གྱི་འཆར་གཞི་བཀོད་ནས་ཐག་གཅོད་བྱེད་དགོས་པ་དང་། སྲིད་གཞུང་དང་ཁྲིམས་ཁང་གིས་མཉམ་འབྲེལ་སྒོས་བྱ་བ་འདི་སྲིད་ཇུས་ཁྱད་པར་ཅན་ཞིག་ཏུ་བརྩིས་ཏེ་དམིགས་བསལ་གྱི་ལྟ་སྟངས་བཟུང་ནས་དམིགས་སུ་བཀར་ནས་སྔོན་ལ་ཐག་གཅོད་བྱེད་དགོས།

                                   

ཀན་སུའུ་ཞིང་ཆེན་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཞེ་ཧེ།

 

    ཀན་སུའུ་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་བྱ་བ་བྱེད་ཐབས་འདིས་སྐད་གཉིས་ཁྲིམས་དཔོན་མི་འདང་བའི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གསར་བ་ཞིག་བཏོད་ཡོད་པ་དང་།     འབྲུག་ཆུ་གནས་གཞི་འདི་ཡང་སྤྱི་བདེ་དང་ཞིབ་དཔྱོད། ཁྲིམས་ཁང་དང་ཁྲིམས་འཛིན་སོགས་སྲིད་ཁྲིམས་སྡེ་ཁག་གི་ལས་ཁུངས་སོ་སོ་འཛོམས་པའི་སྣ་འཛོམས་རང་བཞིན་གྱི་ཟབ་སྦྱོང་གནས་གཞི་ཞིག་ཏུ་གྱུར་འདུག དེ་ཡིས་ཐབས་ཕྱོགས་གཅིག་གྱུར་བྱ་བ་ལ་ཡང་བྱས་རྗེས་ཆེན་པོ་ཞིག་བཞག་ཡོད་པ་རེད།

               ཀན་སུའུ་ཞིང་ཆེན་རྒྱུན་ལས་ཨུ་ཡོན། ཐབས་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རེན་བན་ཞང་།

 1569316254411178.jpg

    ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཉེན་རྟོག་པའི་ཟབ་སྦྱོང་གནས་གཞི་བཙུགས་པ་དེ་ནི།  ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་བླང་བྱ་དོན་དངོས་མཐའ་འཁྱོལ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་རུ་ཁག་འཛུགས་སྐྲུན་གྱི་ཐད་ལ་སྔར་ལས་ལྷག་པར་ཤུགས་སྣོན་རྒྱག་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པ་དང་། ཁྲིམས་ལུགས་དྲིལ་སྒྲོག་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་ཁྲིམས་སྐྱོང་དགོངས་པ་དར་སྤེལ་བྱེད་རྒྱུ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བར་སྐུལ་འདེད་བྱེད་པ་བཅས་ཀྱི་ཕྱོགས་སུ་མངོན་སུམ་གྱི་དོན་སྙིང་གལ་ཆེན་གདའོ། །

ཀན་སུའུ་ཞིང་ཆེན་ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་མཱ་ཧྲི་ཀྲུང་ལགས་ནས།

 

    ཀྲུང་དབྱང་དང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གཉིས་ནས་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་ཐད་ཀྱི་བྱ་བར་མཐོང་ཆེན་ཆེས་ཆེར་བྱེད་བཞིན་ཡོད་དེ། ངེས་པར་དུ་གོ་སྐབས་བཟང་པོ་འདི་ལ་དམ་འཛིན་བྱས་ནས་གཞན་ཕྱོགས་ལ་འབྲེལ་ལམ་བཙུགས་པ་དང་།  ཤུགས་སྒྲིལ་ནས་སྒྲིག་ཆས་དང་འགྲོ་གྲོན།  སྒྲིག་ཁོངས་མི་གྲངས།  དགེ་རྒན་སོགས་ཀྱི་གནད་དོན་དཀའ་ཁག་ཅན་དག་ལེགས་པོར་ཐག་བཅད་དེ།  སྐབས་བབ་དང་བསྟུན་ནས་ལས་དོན་ལ་སྐུལ་འདེད་གཏོང་པ་དང་།  ཀན་སུའུའི་ཁྱད་ཆོས་ལྡན་པའི་སྐད་གཉིས་ཁྲིམས་དཔོན་སྐྱེད་སྲིང་བྱེད་པའི་ལམ་བུ་གསར་བ་ཞིག་གཏོད་པར་བྱ་དགོས།  

ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཏང་ཙུའུའི་ཧྲུའུ་ཅིའམ་ཡོན་ཀྲང་ལིའང་མེན་ཡོན་ལགས་ནས།   

 

     ཟབ་སྦྱོང་བྱེད་ཤུགས་ཆེར་བསྐྱེད་པ་དང་།  སྐྱེད་སྲིང་མི་གྲངས་ཇེ་མང་།  སྐྱེད་སྲིང་སྤུས་ཚད་ཇེ་ལེགས་སུ་བཏང་ནས།  ནུས་ཤུགས་ཅི་ཡོད་ཀྱིས་སློབ་གླིང་སྔར་ལས་ཇེ་བཟང་དང་འཐུས་ཚང་དུ་འཛུགས་སྐྲུན་བྱེད་དགོས་པ་དང་།  ཟབ་སྦྱོང་གནས་གཞི་འདི་གང་ལེགས་ཀྱིས་བེད་སྤྱད་ནས་སྐད་གཉིས་ཞིབ་དཔྱོད་ཉེན་རྟོག་པ་སྐྱེད་སྲིང་བྱེད་དགོས་པ་དང་། ཞིབ་དཔྱོད་ཉེན་རྟོག་ལས་བྱེད་པའི་ཆུ་ཚད་ཇེ་མཐོར་བཏང་ནས་མི་རིགས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་དགོས།

ཀན་སུའུ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུའི་ཧྲུའུ་ཅིའམ་ཞིབ་དཔྱོད་དཔོན་ཆེན་མོ་ལའོ་ཀྲི་ཆཱང་ལགས་ནས།

 

    གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་འཛིན་སྲིད་འཛིན་ཉེན་རྟོག་ལས་བྱེད་པ་སྐྱེད་སྲིང་དང་ཟབ་སྦྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ།  ཞིང་ཆེན་ཨུ་ཡོན་ལྷན་ཁང་སྲིད་ཁྲིམས་ཉེན་རྟོག་ལས་བྱེད་པའི་སྐད་གཉིས་ཟབ་སྦྱོང་གི་འཆར་འགོད་བླང་བྱ་ལྟར།  གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་སྒྲོག་དང་།  མི་དམངས་འདུམ་སྒྲིག  གཞིས་ཁུལ་བཅོས་སྐྱོང་།  བཀོད་སྒྲིག་སློབ་རོགས།  ཁྲིམས་ལུགས་རོགས་སྐྱོར་སོགས་ཐད་ཀྱི་རྐང་འཛིན་མི་སྣ་ཟབ་སྦྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་པ་དང་།  ཟབ་སྦྱོང་བྱེད་སྟངས་མུ་མཐུད་དུ་གསར་གཏོད་བྱས་པ་དང་ཟབ་སྦྱོང་ནང་རྐྱེན་འཐུས་ཚང་དུ་བཏང་ནས།  ཟབ་སྦྱོང་བྱ་བའི་ཆེད་དམིགས་རང་བཞིན་དང་ནུས་ལྡན་རང་བཞིན་ཆེར་བསྐྱེད་དེ།  གྲངས་ཉུང་མི་རིགས་ས་ཁུལ་གྱི་ཁྲིམས་འཛིན་ཉེན་རྟོག་ལས་བྱེད་ཀྱི་སྤྱིའི་སྤུས་ཚད་སྒོ་ཀུན་ནས་མཐོར་འདེགས་ཡོང་བར་བྱས་ནས།  བདེ་འཇགས་ཀྱི་ཀན་སུའུ་དང་ཁྲིམས་སྐྱོང་གི་ཀན་སུའུ་འཛུགས་སྐྲུན་ལ་ཧུར་བརྩོན་སྒོས་བྱས་རྗེས་གང་ལེགས་འཇོག་དགོས།

 

ཞིང་ཆེན་ཁྲིམས་འཛིན་ཐིན་ཏང་ཨུའི་ཧྲུའུ་ཅིའམ་ཐིན་ཀྲང་ཡཱང་ཅིན་ཧའེ་ལགས་ནས། 

 

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རབ་དང་རིམ་པའི་གསུང་བཤད་གལ་ཆེན་གྱི་དགོངས་པ་ལ་ཁྱོན་ཡོངས་ནས་གཏིང་ཟབ་སྒོས་སློབ་སྦྱོང་དང་གོ་བ་ལོན་པ་བརྒྱུད་དེ།  སེམས་གཏིང་ནས་ཁྲིམས་སྐྱོང་འདུ་ཤེས་འཛུགས་རྒྱུ་དང་།  ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་ནས་བྱ་བ་སྒྲུབ་པའི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་ཤེས་སུ་བཅུག་སྟེ།  ནམ་ཡང་བསམ་བློ་རང་སངས་དང་ལག་ལེན་རང་ལོབས་ཡིན་པ་རྒྱུན་འཁྱོངས་བྱ་དགོས།

ཀན་སུའུ་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་ཐིན་གྱི་ཏང་ཨུའི་ཧྲུའུ་ཅིའམ་ཐིན་ཀྲང་ཀྲང་ཧྥེན་ལགས་ནས།

 

    སྲིད་ཁྲིམས་ཉེན་རྟོག་ལས་བྱེད་ཀྱི་སྐད་གཉིས་སློབ་གསོ་ཟབ་སྦྱོང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་གང་ལེགས་སྒོས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་བྱེད་པའི་ལམ་བུ་གསར་བ་ཞིག་བསྐྲུན་ཡོད་པ་དང་།  དེ་ལ་གཏིང་ཟབ་ཅིང་གལ་འགངས་ཆེ་བའི་ཆབ་སྲིད་དོན་སྙིང་ཆེན་པོ་ཡོད་པར་མ་ཟད།  མེས་རྒྱལ་གཅིག་གྱུར་དང་།  མི་རིགས་མཐུན་སྒྲིལ།  མི་རིགས་ས་ཁུལ་གྱི་འཕེལ་རྒྱས་དང་།  རྩ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ།  ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་ཀྱི་ཕྱོགས་སུ་དངོས་ཡོད་ཀྱི་དོན་སྙིང་ཡང་གལ་ཆེན་ལྡན་པ་རེད།

ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཀྱི་སློབ་གཙོ་གཞོན་པ་ཧྥེན་ཕན་ལགས་ནས།  

 

 

 


加强双语法制人才培养,保障民族团结进步事业
甘肃省法官学院二维码