ཀན་ལྷོ་ཡན་ལག་སློབ་གླིང་གིས་གསར་ཐོན་མི་སྣའི་ལས་སྔོན་ཟབ་སྦྱོང་སྤེལ་བ།
རྩོམ་སྒྲིག་འགན་འཁུར་བ།:办公室 ཁྱབ་བསྒྲགས་དུས་ཚོད།:2020-11-27
ཀན་ལྷོ་ཡན་ལག་སློབ་གླིང་གིས་གསར་ཐོན་མི་སྣའི་ལས་སྔོན་ཟབ་སྦྱོང་སྤེལ་བ། གསར་ཐོན་མི་སྣའི་ལས་ཀའི་བྱང་ཚད་མཐོར་འདེགས་དང་སློབ་གླིང་གི་བྱ་བའི་བརྒྱུད་རིམ་ཆ་རྒྱུས་ཡོང་ཆེད།ཟླ་༡༠བའི་ཚེས་༢༢ཉིན་ནས་ཚེས་༢༧ཉིན་བར་ལ།སློབ་གླིང་གིས་གསར་ཐོན་མི་སྣ་༡༦་ལ་ལས་སྔོན་གསོ་སྦྱོང་བྱས། ཚོགས་འདུའི་སྟེང་།ཐོག་མར་སློབ་གླིང་གི་ད་ལྟའི་གནས་ཚུལ་དང་མ་འོངས་བའི་འགན་འཁུར་སོགས་ངོ་སྤྲོད་བྱས་པ་དང་།སློབ་གླིང་གི་མགོ་ཁྲིད་ལི་ཞོ་ཀྲིན།འོད་ཅན་འབུམ།ཀྲེ་མིན་ལི་བཅས་མགོ་ཁྲིད་སོ་སོས་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་གི་གནས་ཚུལདང་།སློབ་གླིང་གི་འབྲེལ་ཡོད་དོ་དམ་སྒྲིག་ཁྲིམས།ཆབ་སྲིད་ཀྱི་སློབ་སྦྱོང་སོགས་ཕྱོགས་གང་ཐད་ནས་གསར་ཐོན་མི་སྣ་དག་ལ་ལས་ཞུགས་སྔོན་གྱི་གསོ་སྦྱོང་སློབ་སྦྱོང་རབས་དང་རིམ་པར་སྤེལ། གསོ་སྦྱོང་མཇུག་རྫོགས་རྗེས་གསོ་སྦྱོང་བགྲོ་གླེང་བཞུགས་མོལ་ཚོགས་འདུ་ཞིག་འཚོགས་པ་དང་། ཚོགས་འདུའི་སྟེང་དུ་ཧྲུའུ་ཅི་ལི་ཞོ་ཀྲིན་གྱིས་གསར་ཐོན་མི་སྣ་དག་གི་བྱ་བའི་རྣམ་འགྱུར་གདེང་འཇོག་གང་ལེགས་བྱས་པ་དང་། བྲིས་ཡོད་པའི་གསོ་སྐྱོང་མྱོང་ཚོར་ལ་གཞིགས་ནས་གསར་ཐོན་མི་སྣའི་བསམ་བློ་དག་ལ་རྒྱུས་ལོན་བྱས་ཏེ། གསར་ཐོན་མི་སྣ་དག་ལ་མ་འོང་བར་ཕུགས་བསམ་ལྡན་ཞིང་སྤོབས་པས་ཁེངས་པའི་ན་གཞོན་གསར་བ་ཞིག་བྱེད་རྒྱུའི་ཕྱོགས་ནས་རེ་བ་གསར་བ་བཏོན།
