2021-02-26ཉར་ཚགས་བྱ།

མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཁྲིམས་ལུགས་འཛུགས་སྐྱོང་དང་ཞིང་སྡེའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བགྲོ་གླེང་ཚོགས་འདུ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་འཚོགས་པ།

རྩོམ་སྒྲིག་འགན་འཁུར་བ།:翻译处&网信处 ཁྱབ་བསྒྲགས་དུས་ཚོད།:2020-11-24

微信图片_20201029163352.jpg

ཟླ་10ཚེས་26ཉིན་ཀན་སུའུ་ཞིང་ཆེན་རྒྱུན་མཐུད་འཕེལ་རྒྱས་ཞིབ་འཇུག་ཚོགས་པས་གཙོ་གཉེར་བྱས་པའི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཁྲིམས་ལུགས་འཛུགས་སྐྱོང་དང་ཞིང་སྡེའི་འཚོ་གནས་ཁོར་ཡུག་བཅོས་སྐྱོང་བགྲོ་གླེང་ཚོགས་འདུ་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་འཚོགས།རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧའོ་ཡོན་ལགས་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚོགས་འདུའི་ཐོག་བསྟན་དོན།སུས་བཅའ་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་”འགན་འཁྲིའི་ལམ་ལུགས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་།ཡང་དག་པའི་སྒོ་ནས་བཅའ་ཁྲིམས་ཁྱབ་གདལ་དང་ཁྲིམས་བསྟར་བྱེད་མཁན་གཙོ་བོ་ལ་ངོས་ཟིན་ཡོད་པའི་སྒོ་ནས་མི་རིགས་ས་ཁུལ་གྱི་ཁྲིམས་བསྟར་ཁྲོད་དུ་དུས་ཐོག་ཏུ་བཅའ་ཁྲིམས་ཁྱབ་གདལ་བྱེད་པ་དང་། གནད་འཁེལ་བཅའ་ཁྲིམས་ཁྱབ་གདལ། གསོན་ཉམས་ལྡན་པའི་བཅའ་ཁྲིམས་ཁྱབ་གདལ་བཅས་ལ་སྐུལ་འདེད་བཏང་སྟེ། སྒོ་ཀུན་ནས་《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་བྱེད་པ་དང་། མི་དམངས་མང་ཚོགས་ལ་དོན་དག་བྱུང་ཚེ་བཅའ་ཁྲིམས་འཚོལ་བ་དང་།གནད་དོན་ཐག་གཅོད་བྱེད་དུས་བཅའ་ཁྲིམས་སྤྱོད་པ། འགལ་བ་སེལ་སྐབས་བཅའ་ཁྲིམས་ལ་བརྟེན་པ་བཅས་ཀྱི་འདུ་ཤེས་དངོས་སུ་ཆགས་པར་ཁྲིད་སྟོན་བྱེད་དགོས། འགལ་བ་དང་རྩོད་གཞི་སེལ་བའི་གོ་རིམ་སྟབས་བདེ་བཟོ་བ་དང་།  འགལ་བ་དང་རྩོད་གཞི་སེལ་བའི་ཚད་གཞི་ཇེ་དམའ་རུ་གཏོང་བ། གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དམངས་ཁྲོད་ཀྱི་རྩོད་གཞིཐག་གཅོད་འཐུས་ཚང་དུ་བཏང་སྟེ མང་ཚོགས་ནང་ཁུལ་གྱི་དོན་དག་གཞི་རིམ་དུ་ཐག་གཅོད་གང་ལེགས་བྱཏེ་དོན་དག་ཆུང་ཆུང་སྐོར་སྡེ་བའི་ནང་ཁུལ་ནས་ཐག་གཅོད་བྱེད་ཐུབ་པ་དང་།དོན་དག་ཆེན་པོ་ཤངནང་ཁུལ་ནས་ཐག་གཅོད་ཐུབ་པ། འགལ་འདུ་གོང་ལ་མི་སྤྲོད་པ་བཅས་བྱས་ནས།ཏང་དང་སྲིད་གཞུང་གི་ལས་ཀ་སྒྲུབ་པའི་ལག་པ་དེ་གཞི་རིམ་དུ་སྲིངཅི་ཐུབ་བྱེད་དགོས། “འཐུས་ཚབ་གཉིས་དང་ཨུ་ཡོན་གཅིག་”གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གྲོས་མོལ་ལམ་ལུགས་གཞི་རིམ་གྱི་ལས་ཀའི་ཁྲོད་དུ་སྣུར་སྲིང་བྱེད་པ་དང་། དབུལ་བྲལ་འགག་སྒྲོལ་ཁྲོད་སྐྱེད་སྲིང་བྱས་པའི་དབུལ་སྐྱོར་ལས་དོན་རུ་ཁག་དང་མི་སེར་དབར་བརྩེ་དུང་ཟབ་མོ་ཆགས་པའི་འབྲེལ་བ་བེད་སྤྱོད་གང་ལེགས་བྱས་ཏེ། གཞི་རིམ་གྱི་འགལ་བ་དང་རྩོད་གཞི་སེལ་བའི་“མཐའ་མའི་སྤྱི་ལེ་གཅིག་”འགག་སྒོ་ལས་ཡོངས་སུ་ཐར་བར་བྱེད་དགོས།  སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་ཀྱིས་མི་རིགས་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་མཛུབ་ཁྲིད་བྱེད་པ་དང་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་ཚན་རྩལ་ཡར་ཐོན་དང་། ཞིང་སྡེ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་བཅས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་དང་གྲོང་གསེབ་དར་རྒྱས་ཡོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཉེ་བའི་ལོ་ཤས་རིང་ལ།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་མི་རིགས་ས་ཁུལ་གྱི་ཐོན་ཁུངས་ཀྱི་དགེ་མཚན་བེད་སྤྱོད་གང་ལེགས་བྱས་ཏེ། གྲངས་ཉུང་མི་རིགས་ས་ཁུལ་གྱི་སྐད་གཉིས་ཤེས་ལྡན་མི་སྣ་ཟབ་སྦྱོང་དང་མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ལས་དོན་ལ་ཤུགས་བསྣན་ནས་མི་རིགས་ཁྲིམས་ལུགས་འཛུགས་སྐྱོང་བྱ་རྒྱུ་དེ་ཁྲིམས་ལྟར་བཅོས་སྐྱོང་བྱེད་པའི་འབུར་དུ་ཐོན་པའི་གནས་སུ་བཞག་སྟེ། འཚོལ་ཞིབ་རང་བཞིན་གྱི་ལས་དོན་གང་མང་སྤེལ་ནས་མི་རིགས་ས་ཁུལ་གྱི་ཁྲིམས་ལུགས་འཛུགས་སྐྱོང་གི་རྨང་གཞི་སྔར་ལས་ཇེ་བརྟན་དུ་བཏང་ཡོད་པ་དང་། མི་རིགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་ལ་ལག་ལེན་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས་མི་རིགས་ཀྱི་སྲོལ་རྒྱུན་བཅའ་ཁྲིམས་རིག་གནས་དར་སྤེལ་གཏོང་བར་ལས་སྟེགས་རྒྱ་ཆེན་པོ་བསྐྲུན་ཡོད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་བྱ་འགུལ་ལ་སྐུལ་འདེད་བཏང་ཡོད། སྔ་རྗེས་སུ་“ཀན་སུའུ་ཞིང་ཆེན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་སྡེ་ཁག་”གི་མཚན་སྙན་ཐོབ་པ་དང་། “རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་”དང་“ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞི་”ཞེས་མིང་བཏགས་ཡོད།དེ་བས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ནི་རྒྱལ་ཡོངས་ཁྲིམས་ཁང་ཁོངས་གཏོགས་ཀྱི་གཟི་བརྗིད་མཚན་འདི་ཐོབ་པའི་སྡེ་ཚན་ཉག་གཅིག་པུའང་ཡིན་པ་རེད། 

ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཏང་ཙུའུ་ཁོངས་མིའམ་ཆབ་སྲིད་པུའུ་ཡི་ཀྲུའུ་རེན་སུན་ཝུའེ་ཡིས་བགྲོ་གླེང་ཚོགས་འདུའི་ཐོག་ཤིས་ཚིག་ཕུལ་བ་དང་། ཀྲུང་གུང་འབྲུག་ཆུ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཀའོ་ཙི་ཝུན་གྱིས་གཏམ་བཤད་གནང་། ཚོགས་འདུར་ཞུགས་པའི་ཆེད་མཁས་པ་དང་འབྲེལ་ཡོད་ཁེ་ལས་ཀྱི་འཐུས་མིས་ཆེད་དོན་གཏམ་བཤད་གནང་བ་དང་། ཞིང་ཆེན་མི་དམངས་འཐུས་ཚོགས་དང་། ཞིང་ཆེན་སྲིད་གྲོས། ཀན་སུའུ་སྲིད་ཁྲིམས་སློབ་ཆེན། ལན་ཀྲུའུ་རིག་གནས་དང་རང་བྱུང་རིག་པའི་སློབ་གླིང་། ཀན་ལྷོ་ཁུལ། འབྲུག་ཆུ་རྫོང་། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་། དེ་བཞིན་འབྲེལ་ཡོད་སྡེ་ཚན་གཞན་དག་བཅས་ཀྱི་འགོ་ཁྲིད་དང་ཆེད་མཁས་པ། ལས་དོན་ཉམས་ལེན་གྱི་ལས་མི་བཅས60ལྷག་ཙམ་བགྲོ་གླེང་ཚོགས་འདུར་ཞུགས་ཡོད། 


加强双语法制人才培养,保障民族团结进步事业
甘肃省法官学院二维码