2020-10-29ཉར་ཚགས་བྱ།

ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་བོད་སྐད་གཉིས་ཟབ་སྐྱོང་འཛིན་གྲྭ་ཐེངས་དང་པོ་ཀན་ལྷོ་ཡན་ལག་སློབ་གླིང་ནས་སྤེལ། དུས་ཚོད།

རྩོམ་སྒྲིག་འགན་འཁུར་བ།:办公室 ཁྱབ་བསྒྲགས་དུས་ཚོད།:2020-03-25

      འབྲུག་ཆུ་ཁྲིམས་དཔོན་ཟབ་སྐྱོང་གནས་གཞི་ནས་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་སྲིད་ཁྲིམས་སྤྱི་བདེ་མི་སྣའི་སྐད་གཉིས་ཟབ་སྐྱོང་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་གཞིར་བཟུང་ནས། གྲངས་ཉུང་མི་རིགས་ས་ཁུལ་སྤྱི་བདེ་མི་སྣའི་རྒྱ་བོད་སྐད་གཉིས་ཆུ་ཚད་མཐོར་འདེགས་བྱ་ཆེད། ༢༠༡༤ལོའི་ཟླ་༡༠པའི་ཚེས་༣༠ཉིན་ནས་ཟླ་༡༡པའི་ཚེས་༦ཉིན་བར། ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་རྒྱ་བོད་སྐད་གཉིས་ཟབ་སྐྱོང་འཛིན་གྲྭ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཀན་ལྷོ་ཡན་ལག་སློབ་གླིང་ནས་སྤེལ་བ་དང་། ཀན་ལྷོ་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་གསར་ཐོན་མི་སྣ་༨༧ཐེངས་འདིའི་ཟབ་སྦྱོང་འཛིན་གྲྭར་ཞུགས། མཛད་སྒོའི་སྟེང་སྤྱི་བདེ་ཐུན་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཚའོ་རེ་ཧ་ཡིས་བཤད་རྒྱུར། ཞིང་ཆེན་སྤྱི་བདེ་ཐུན་གྱི་ཐུན་ཀྲང་མྰ་ལགས་སོགས་མགོ་ཁྲིད་ཀྱིས་ཐེངས་འདིའི་ཟབ་སྐྱོང་ལ་དོ་སྣང་ཆེན་པོ་བྱ་བཞིན་ཡོད་ཅེས་བཤད། དེ་མུར་ཐེངས་འདིའི་སྐད་གཉིས་གསོ་སྦྱོང་འཛིན་གྲྭའི་དོན་སྙིང་གལ་ཆེན་ངོ་སྤྲོད་བྱས་པ་དང་སློབ་མ་ཚོས་འཚོ་བའི་ཁྲོད་དོ་དམ་སྒྲིག་ཁྲིམས་སྲུང་དགོས་པའི་རེ་བ་ནན་དུ་བཏོན།

加强双语法制人才培养,保障民族团结进步事业
甘肃省法官学院二维码