2022-05-19ཉར་ཚགས་བྱ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་(ཀན་སུའུ་རྒྱུགས་ར)ནས་རྒྱལ་ཡོངས་ཁྲིམས་ཁང་གི་སྐབས་ལྔ་བའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭའི་བོད་རྒྱ་སྐད་གཉིས་ཆུ་ཚད་ཚད་ལེན་ཚོད་ལྟའི་རྒྱུགས་བླངས།

རྩོམ་སྒྲིག་འགན་འཁུར་བ།:扎西 ཁྱབ་བསྒྲགས་དུས་ཚོད།:2020-03-25

ཟླ་5བའི་ཚེས་3ཉིན།  ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཆབ་སྲིད་པུའུ་ཡིས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ་དང་མཉམ་འབྲེལ་བྱས་ཏེ། རྒྱལ་ཡོངས་ཁྲིམས་ཁང་གི་སྐབས་ལྔ་བའི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭའི་བོད་ རྒྱ་སྐད་གཉིས་ཆུ་ཚད་ཚད་ལེན་ཚོད་ལྟའི་རྒྱུགས་དེ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་(ཀན་སུའུ་རྒྱུགས་ར)ནས་བླངས།

ཤེས་གསལ་ལྟར་ན། བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་ཕྱོགས་ཡོངས་ཀྱི་སྤུས་ཚད་དང་ལས་སྒོའི་ནུས་བ།   སྐད་གཉིས་འདྲི་གཅོད་བྱ་བ་བཅས་ལ་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་ཆེད།  ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ཡོན་ལྷན་ཁང་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཡོངས་ཁྲིམས་ཁང་གི་བོད་རྒྱ་སྐད་གཉིས་ཟབ་སྦྱོང་འཛིན་གྲྭ་བསྟུད་མུར་ཐེངས་བཞི་བསྒྲུབས། ད་སྔ་བར་དུ།  ཀན་སུའུ་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་28བདམས་ནས་ཟབ་སྦྱོང་བྱེད་པར་མངགས།    བོད་རྒྱ་སྐད་གཉིས་ཀྱི་ཆུ་ཚད་ཚད་ལེན་ཚོད་ལྟའི་རྒྱུགས་ལེན་པ་ནི་སྐད་གཉིས་ཟབ་སྦྱོང་འཛིན་གྲྭ་སྒྲུབ་པའི་གལ་ཆེ་བའི་ཚུགས་མལ་ཞིག་ཡིན་ལ།  དེས་བོད་ཁུལ་གྱི་ཁྲིམས་ཁང་ལས་སྐད་ཡིག་གི་རྨང་གཞི་ཅུང་བཟང་བ་དང་གསོ་སྐྱོང་བྱས་ན་ནུས་པ་ཆེ་རུ་འདོན་སྤེལ་བྱ་ཐུབ་པའི་རྐང་འཛིན་ཁྲིམས་དཔོན་དག་བདམས་པ་དང་། ཚན་རིག་དང་ཚད་ལྡན། ཚད་མཐོན་པོ་བཅས་ཀྱི་སྒོ་ནས་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་ཟབ་སྦྱོང་ལ་རམ་འདེགས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད།  ཞིང་ཆེན་ཁྲིམས་ཁང་གི་ཆབ་སྲིད་པུའུ་ཡིས་རྒྱ་བོད་སྐད་གཉིས་ཀྱི་ཆུ་ཚད་ཚད་ལེན་ཚོད་ལྟའི་རྒྱུགས་ལེན་བྱ་བ་གཙིགས་སུ་བཟུང་སྟེ། བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་རྐང་འཛིན་མི་སྣ་བདམས་ནས་ ཚད་ལེན་ཚོད་ལྟའི་རྒྱུགས་ལེན་པར་ཞུགས་སུ་བཅུག་པར་མ་ཟད།  བོད་རྒྱ་སྐད་གཉིས་ལ་བྱང་བའི་ཁྲིམས་དཔོན་7བདམས་ནས་རྒྱལ་ཡོངས་ཁྲིམས་ཁང་གི་སྐབས་ལྔ་བའི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་ཟབ་སྦྱོང་འཛིན་གྲྭར་འོས་སྦྱོར་བྱེད་རྒྱུ་རེད།


加强双语法制人才培养,保障民族团结进步事业
甘肃省法官学院二维码