2020-10-29ཉར་ཚགས་བྱ།

ཐང་རེན་ཅན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་བརྟག་ཞིབ་ཏུ་ཕེབས་པ།

རྩོམ་སྒྲིག་འགན་འཁུར་བ།:1223 ཁྱབ་བསྒྲགས་དུས་ཚོད།:2020-03-25

ཟླ་7པའི་ཚེས11ཉིན་གྱི་ཕྱི་དྲོར།ཀན་སུའུ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཐང་རེན་ཅན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་བརྟག་ཞིབ་ཏུ་ཕེབས་ནས་བསྟན་དོན།ཞི་ཅིན་ཕིན་གྱི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་སྟོན་དུ་བྱས་ཏེ།དཀྱིལ་སྙིང་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ་དང་།ཁྲིམས་ལྟར་འགན་ནུས་སྒྲུབ་པ།དྲང་བདེན་འདྲ་མཉམ་སྲུང་སྐྱོབ་བྱས་ཏེ་སྔར་ལས་ལྷག་པར་མཛེས་སྡུག་བདེ་སྐྱིད་ལྡན་པའི་ཀན་སུའུ་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་དང་སྲུང་སྐྱོབ་བྱ་དགོས་ཞེས་གསུངས།

ཁོང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱིས་ “ཁྲིམས་སྐྱོང་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གལ་ཆེན་ཞིག་ཡིན་”ཞེས་བསྟན་པ་ལྟར།རང་རེའི་ཞིང་ཆེན་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་སྐབས་གཙོ་བོ་ཞིག་ལ་སླེབས་ཡོད་པས།མཐོ་རིམ་ཁྲིམས་ཁང་གིས་མུ་མཐུད་ནས་རང་གི་ཁྱད་ནུས་འདོན་སྤེལ་བྱས་ཏེ་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་སྤྱི་ཚོགས་ཀྱི་དྲང་བདེན་འདྲ་མཉམ་སྲུང་སྐྱོང་མཛད་དེ་རང་ཞིང་གི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་ཞུ་ལེགས་པོ་སྒྲུབ་དགོས་ཏེ།སྔར་ལས་ལྷག་པར་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་ཡོད་པ་དང་། ཁྱོན་ཡོངས་ནས་སྐབས་བཅུ་དགུ་བའི་གྲོས་ཚོགས་ཆེན་མོའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་སྲིད་ཁྲིམས་བྱ་བའི་མཛུབ་སྟོན་གཙོ་བོར་སློབ་སྦྱོང་ནན་མོ་བྱེད་དགོས་པ་དང་གཅིག སྔར་ལས་ལྷག་པར་མི་དམངས་གཙོར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བྱེད་དགོས་པ་དང་།དམངས་ཀྱིས་སེམས་འཁུར་བྱེད་སའི་གཙོ་གླེང་དང་དཀའ་གནད་ལ་དོ་སྣང་ཆེན་པོ་བྱེད་པ།མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་ཆེ་བའི་གྱོད་གཞི་ཁག་འདྲི་གཅོད་ལེགས་པོ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་བྱེད་དགོས་པ་དང་གཉིས།སྔར་ལས་ལྷག་པར་རང་ཞིང་གི་ཁྱོངས་ཡོངས་ཀྱི་འཕེལ་རྒྱས་ལ་ཁག་ཐེག་དང་ཞབས་ཞུ་ལེགས་པོ་སྒྲུབ་དགོས་པ་དང་།དབུལ་ཐར་གྱི་བྱ་བ་དང་།ཁོར་ཡུག་སྲུང་སྐྱོབ།ཚོང་གཉེར་ཁོར་ཡུག་བཅས་ལ་དམིགས་ཏེ་ཁྲིམས་འགལ་ཉེས་བསགས་བྱ་བར་ཁྲིམས་ལྟར་རྡུང་རྡེག་ཆེན་པོ་གཏོང་དགོས་པ་དང་གསུམ།སྔར་ལས་ལྷག་པར་ཤེས་ཡོན་པའི་དཔུང་སྡེ་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་དགོས་པ་དང་།བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་ལ་མཐོང་ཆེན་དང་།ལས་དོན་གྱི་ནུས་བ་མཐོར་འདེགས་གཏོང་བ།བྱ་བའི་ལས་སྟངས་བསྒྱུར་བཅོས་བཅས་བྱས་ཏེ་ཆབ་སྲིད་ཀྱི་འདུ་ཤེས་བརྟན་པ་དང་བྱ་བའི་ནུས་བ་ཡོད་པ།སྤྱོད་སྟངས་ལེགས་ཤིང་སྒྲིག་ལམ་དམ་པའི་ཤེས་ཡོན་པའི་དཔུང་སྡེ་གསར་བ་ཞིག་འཛུགས་སྐྲུན་བྱེད་དགོས་པ་དང་བཞི་བཅས་ཀྱི་ཕྱོགས་ནས་ཀན་སུའུ་ཞིང་ཆེན་གྱིས་མུ་མཐུད་དུ་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་གི་བྱ་བ་ཡོངས་ལ་རྒྱབ་སྐྱོར་བྱས་ནས་དཀའ་ཁག་ཅི་ཡོད་ཁྱད་དུ་བསད་དེ།  ཀན་སུའུ་ཁྲིམས་སྐྱོང་འཛུགས་སྐྲུན་བྱ་བ་སྐབས་རིམས་གསར་བ་ཞིག་ཏུ་མཉམ་དུ་འདེད་རྒྱུ་ཡིན་ཞེས་གསུངས་སོ།


加强双语法制人才培养,保障民族团结进步事业
甘肃省法官学院二维码