2022-05-19ཉར་ཚགས་བྱ།

མཉམ་ཤུགས་མཉམ་སྒྲིལ་གྱི་ཏང་འཛུགས་སྐྱོང་གིས་འཕེལ་རྒྱས་ལ་སྣེ་ཁྲིད་དང་སྐུལ་འདེད་བཏང་བ། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་དང་པོས་འབྲུག་ཆུ་རྫོང་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོར་ཆ་སྒྲིག་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1594713873537863.jpg


ཟླ་7ཚེས་9ཉིན་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུད་ཀྱིས་ཀྲི་པུའུ་དང་པོའི་ཏང་ཡོན་ཡོངས་རྩ་འཛུགས་བྱས་ཏེ་འབྲུག་ཆུ་རྫོང་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཀྲི་པུའུ་དང་མཉམ་འབྲེལ་ཐོག་ཆ་སྒྲིག་མཉམ་སྐྲུན་གྱི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་རེད། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུད་ཀྱི་འགོ་ཁྲིད་གཙོ་བོ་དང་འབྲུག་ཆུ་རྫོང་པ་ཙང་གྲོང་རྡལ་གྱི་འགོ་ཁྲིད་གཙོ་བོ་ཐེངས་འདིའི་བྱ་འགུལ་ལ་ཞུགས་ཡོད།

1594713909587859.jpg

 བྱ་འགུལ་སྤེལ་སྐབས། ཏང་ཡོན་ལས་བྱེད་པ་དང་བཅས་པ་དང་ཐོག་པ་ཙང་གྲོང་རྡལ་པེ་ཧྲན་གྲོང་ཚོའི་ཏང་ཀྲི་པུའུ་རུ་ཕེབས་ནས་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བློ་མཐུན་གྱིས་ཆན་པེ་ཧྲན་གྲོང་ཚོའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་སྐྱོང་ལས་སྒྲུབ་ཁང་དང་དེ་བཞིན་ཏང་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་སྐོར་བྱས་པ་དང་། ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འབྲེལ་གཏུག་བྱས། དེའི་རྗེས་སུ་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཀྲི་པུའུ་དང་པོས་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཡོན་བྱ་འགུལ་ཁང་ལ་དཔེ་དེབ་ཞལ་འདེབས་ཕུལ་བ་དང་།ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་རྗེས། ཀྲི་པུའུ་གཉིས་ཀྱི་ཏང་ཡོན་ཡོངས་ཀྱིས་ཏང་དར་དམར་པོའི་མདུན་དུ་ཏང་ཞུགས་དམ་བཅའ་བསྐྱར་དྲན་བྱས་པ་དང་། ཁུ་ཚུར་གཡས་པ་དམ་པོར་བཟུང་ནས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག ཏང་གི་བྱ་གཞག་གི་ཆེད་དུ་ཚེ་གང་འབད་འཐབ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་ཡོད།


1594713933937264.jpg

1594713959200915.jpg

 བྱེད་སྒོ་སྤེལ་སྐབས། ཏང་ཡོན་ལས་བྱེད་པ་དང་བཅས་པ་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཀྲི་པུའུ་རུ་སོང་བ་དང་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཀྲི་པུའི་འགན་འཁུར་བློ་མཐུན་གྱིས་ཆན་པེ་ཧྲན་གྲོང་ཚོའི་གཞི་རྩའི་གནས་ཚུལ་ངོ་སྤྲོད་གནང་བ་རེད། ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་ཏང་སྐྱོང་ལས་སྒྲུབ་ཁང་དང་ཏང་སྐྱོང་ཆ་འཕྲིན་ཅན་གྱི་ལས་སྟེགས་འཛུགས་སྐྲུན་བྱས་ཚུལ་ལ་ལྟ་སྐོར་བྱས། ཏང་ཀྲི་པུའུ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་འབྲེལ་འདྲིས་བྱས་པ་རེད། དེའི་རྗེས་སུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཀྲི་པུའུ་དང་པོས་པ་ཙང་གྲོང་རྡལ་ཆན་པེ་ཧྲན་གྲོང་ཚོའི་ཏང་ཡོན་བྱེད་སྒོ་ཁང་ལ་དཔེ་དེབ་ཞལ་འདེབས་ཕུལ་བ་དང་།ཞལ་འདེབས་འབུལ་བའི་མཛད་སྒོ་སྤེལ་རྗེས། ཀྲི་པུའུ་གཉིས་ཀྱི་ཏང་ཡོན་ཡོངས་ཀྱིས་ཏང་དར་དམར་པོའི་མདུན་དུ་ཏང་ནང་ཞུགས་པའི་དམ་བཅའ་བཞག

 ད་རེས་ཀྱི་བྱེད་སྒོ་བརྒྱུད་ཀྲི་པུའུ་གཉིས་ཀྱིས་སྔར་བས་ཤེས་རྟོགས་གཏིང་ཟབ་དང་། ཏང་ཡོན་ཚོས་ཆ་སྒྲིག་མཉམ་སྐྲུན་ལས་དོན་ནི་ཏང་འཛུགས་སྐྱོང་ལས་དོན་ཕན་ཚུན་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། རྒྱ་ཆེའི་ཏང་ཡོན་གྱིས་སློབ་སྦྱོང་དང་སྤེལ་རེས་བྱེད་པའི་གཞི་རྟེན་གསར་པ་ཞིག་ཡིན། ཕྱོགས་གཉིས་པོས་ཐེངས་འདིའི་ཆ་སྒྲིག་མཉམ་སྐྲུན་བྱེད་འགུལ་གོ་སྐབས་སུ་བཟུང་ནས་སློབ་སྦྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ།ཕྱིས་སུ་ཕྱོགས་གཉིས་ཀྱི་ཏང་ཀྲི་པུའུ་ཡིས་ཆ་སྒྲིག་མཉམ་སྐྲུན་དང་། རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུ་མཉམ་དུ་སྤེལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་ཀྲི་པུའུ་མཉམ་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་། ཕྱོགས་ཁག་གི་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཏང་ཡོན་འབྲེལ་འདྲིས་ཀྱི་ལས་སྟེགས་བསྐྲུན་ནས“ཐོན་ཁུངས་མཉམ་སྤྱོད་དང་།  མཉམ་སྐྲུན་མཉམ་སྤྱོད”བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་ཆགས་པར་བྱས།


加强双语法制人才培养,保障民族团结进步事业
甘肃省法官学院二维码