2022-05-19ཉར་ཚགས་བྱ།

ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུས་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་(རྒྱ་བསྐྱེད་)སློབ་སྦྱོང་གྲོས་ཚོགས་བསྡུས།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1602578823880610.jpg


ཟླ་9ཚེས་22ཉིན། 《ཞིང་ཆེན་ཁྲིམས་ཁང་ལས་ཁུངས་དང་ཐད་གཏོགས་ཁྲིམས་ཁང་གི“ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”དང“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་གྱི་ཟླ་9པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག》གཞིར་བཟུང་སྟེ། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། གཙོ་བོ་《ཞི་ཅིན་ཕིང་གིས་གྱིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》(བམ་པོ་གསུམ་པ་)དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་གློ་ཚད་རིམས་ནད་འགོག་བཅོས་ཀྱི་གཟེངས་བསྟོད་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་གོའི་མི་དམངས་ཉེན་རྟོག་པར་དར་ཆ་གནང་བའི་མཛད་སྒོའི་ཐོག་གནང་བའི་བཀའ་ཚིགཀྲུང་གོའི་མི་དམངས་དམག་འཁྲུག་དང་ཧྥ་ཤི་སིར་རྒོལ་བའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་75འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན།ཞིང་ཆེན་ཁྲིམས་ཁང་གི《ཞིང་ཆེན་ཁྲིམས་ཁང་ལས་ཁུངས་དང་ཐད་གཏོགས་ཁྲིམས་ཁང་དུ་རྫུན་ཞུ་གཡོ་ལེན་གྱི་ཁ་གསབ་དང་ཁྲིམས་འཛིན་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》བརྒྱུད་བསྒྲགས་བྱས་པ་རེད། སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་དབྱང་ཙའོ་ཞིན་གྱིས་ཚོགས་འདུ་ལ་མགོ་འཛིན་གནང་བ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

1602579046211266.jpg

ཚོགས་འདུའི་ཐོག 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》(བམ་པོ་གསུམ་པ)སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་དང་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ་དང་དམ་འཛིན་ཡག་པོ་བྱས་ཏེ་ཞིབ་ཕྲའི་ལས་ཀའི་ལས་འགན་དོན་འཁྱོལ་དང་མཉམ་འདྲེས་བྱེད་པ།  དངོས་གནས་སློབ་སྦྱོང་དང་ཡིད་ཆེས་བརྟན་པོ་བྱ་དགོས་པ། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་པ། རྒྱ་ཆེའི་སྦྱོང་བརྡར་ལ་ཞུགས་པའི་སློབ་མ་རྣམས་ལ་“འདུ་ཤེས་བཞི་”བརྟན་པོ་འཛུགས་པར་ཁྲིད་སྟོན་དང་། “གདེང་ཚོད་བཞི་”བརྟན་པོར་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་མི་དམངས་ཁྲིམས་ཁང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་མིག་སྔའི་ལས་དོན་འཕེལ་རྒྱས་ཡག་པོ་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བ་བྱེད་དགོས་ཟེར།

 ཚོགས་འདུ་ཐོག རླབས་ཆེན་རི་འགོག་དམག་འཁྲུག་གི་སྙིང་སྟོབས་དང་རིམས་ནད་འགོག་པའི་སྙིང་སྟོབས་ཀྱི་ནང་དོན་གཏིང་ཟབ་དང་དགོངས་དོན་གྱི་ངོ་བོ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། སློབ་གླིང་གི་ལས་དོན་ཁག་ཡག་པོར་སྒྲུབ་པའི་འགན་འཁྲི་དང་འདུ་ཤེས་བཅས་ཆེ་རུ་གཏོང་བ། སློབ་གླིང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་དང་། རིམས་ནད་སྔོན་འགོག་ཚོད་འཛིན་རྒྱུན་རྣམ་ཅན་གྱི་དུས་བབ་འོག་སློབ་གསོ་གསོ་སྦྱོང་དང་། ཤེས་ལྡན་མི་སྣ་གསོ་སྦྱོང་། མི་རིགས་ཁྲིམས་ལུགས་རིག་གནས་ཞིབ་འཇུག་བཅས་ཀྱི་ལས་དོན་ནན་ཏན་གྱིས་བསྒྲུབས་ནས“བརྟན་པོ་དྲུག”གི་ལས་དོན་ནན་ཏན་གྱིས་སྒྲུབ་ཆེད། “འགན་སྲུང་དྲུག”གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་མི་དམངས་ཁྲིམས་ཁང་གི་འདྲི་གཅོད་ལག་བསྟར་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ཤེས་ལྡན་མི་སྣའི་འདེགས་སྐྱོར་འགན་སྲུང་ནུས་ལྡན་བྱས་ཡོད།

ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་སློབ་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་བསླབ་ཚིག་གི་སྙིང་སྟོབས་དེ་ཏང་ལ་བློ་དཀར་སེམས་དཀར། རྩ་ཁྲིམས་དང་བཅའ་ཁྲིམས་ལ་བློ་དཀར་སེམས་དཀར། བྱ་གཞག་ལ་བློ་དཀར་སེམས་དཀར། བསླབ་ཚིག་གི་དགོངས་དོན་སློབ་སྦྱོང་ཡག་པོ་དང་། དྲིལ་བསྒྲགས། ལག་བསྟར་ཡག་པོ་བཅས་བྱས་ནས། རྒྱ་ཆེའི་དགེ་རྒན་དང་ལས་བཟོ་པ་རྣམས་ལ་ཡིད་ཆེས་སྔར་ལས་བརྟན་པོ་དང་། སྙིང་སྟོབས་ཆེར་སྐྱེད། ལྷག་བསམ་རྣམ་དག་གིས་རང་འགན་འཁྲི་སྒྲུབ་བཅས་བྱ་དགོས་པའི་ཁྲིད་སྟོན་བྱ་དགོས། ནུས་ཤུགས་ཡོད་རྒུས་སློབ་གསོ་གསོ་སྦྱོང་བྱེད་སྟངས་གསར་གཏོད་བྱས་ནས་སློབ་གསོ་གསོ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས་པ། མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་ནས་2020ལོའི་ལོ་འཁོར་གྱི་སློབ་གསོ་གསོ་སྦྱོང་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཡོང་བའི་འགན་ལེན་བྱེད་དགོས་པ་བསྟན།

 ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ་དང་།རྒྱལ་ཡོངས་སྲིད་ཁྲིམས་ཨུ་ལྷན་གྱི་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ཚོད་ལྟའི་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་དང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་ཁྲིམས་ཁང་གི་《རྫུན་ཞུ་གཡོ་ལེན་གྱི་ཁ་གསབ་རོགས་དངུལ་དང་ཁྲིམས་འཛིན་སྤྱོད་ཚུལ་གྱི་གནད་དོན་ཆེད་དོན་བཅོས་སྒྲིག་བྱེད་སྒོ་སྤེལ་རྒྱུའི་སྐོར་གྱི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་བརྡ་ཐོའི》བླང་བྱ་ལག་བསྟར་ནན་མོ་དང་། སློབ་གླིང་གི་ཆེད་དོན་ལས་ཀའི་ཇུས་གཞི་བཟོ་དགོས་པ། ཞིང་ཆེན་ཁྲིམས་ཁང་གི་“རྒྱུན་འཁྱོངས་གཉིས་”ཀྱི་ཆེད་དོན་སློབ་གསོ་དང་། “གཏན་འབེབས་གསུམ་”གྱི་ཆེད་དོན་བཅོས་སྐྱོང་། “གྱོད་གཞིར་བརྟེན་ནས་ཀུན་སྤྱོད་གསལ་འགྲེལ་དང་། གྱོད་གཞིར་བརྟེན་ནས་སྒྲིག་ཁྲིམས་གསལ་འགྲེལ། གྱོད་གཞིར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་རྒྱག་པ་”བཅས་དོན་འཁྱོལ་བྱེད་དགོས་པ་བཅས་ནན་གྱིས་བསྟན།


加强双语法制人才培养,保障民族团结进步事业
甘肃省法官学院二维码