2022-05-19ཉར་ཚགས་བྱ།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་སྡེ་ཁག་གི་རྒྱ་བོད་སྐད་གཉིས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭས་ལ་ཙེ་ཁོའུ་རུ་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་འགུལ་སྤེལ་བ།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1605514420215958.jpg


ཟླ་11པའི་ཚེས་10ཉིན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་སྡེ་ཁག་གི་རྒྱ་བོད་སྐད་གཉིས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཙི་ཁོའུ་གཡུལ་འགྱེད་དྲན་གསོ་ཁང་དུ་བསྐྱོད་དེ་“གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་ཏང་གཤིས་བློ་སྦྱོང་མཐོ་རུ་གཏོང་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་འགུལ་སྤེལ་བ་རེད། ཏང་གི་གསར་བརྗེའི་ལོ་རྒྱུས་ལ་ཕྱི་མིག་བལྟས་ཤིང་སྤྱིར་བཏང་མིན་པའི་ལོ་ཟླ་ཡིད་ལ་དྲན་པ། གསར་བརྗེའི་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ལེན་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མའི་ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་བཏང་།

1605514440935106.jpg


ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་སྡེ་ཁག་གི་རྒྱ་བོད་སྐད་གཉིས་མཐོར་འདེགས་གསོ་སྦྱོང་འཛིན་གྲྭ་དེ་ཟླ་ལྔ་བའི་ནང་སློབ་འགོ་ཚུགས་པ་ནས་བཟུང་། ཏང་འཛུགས་སྐྱོང་གིས་གསོ་སྦྱོང་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་། ཏང་རྩ་འཛུགས་ཀྱིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྩ་འཛུགས་ཀྱི་འཚོ་བའི་ལམ་ལུགས་ནན་དུ་གཏོང་བ་དང་། ཏང་འཛུགས་སྐྱོང་གི་སློབ་སྦྱོང་བྱེད་པ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག་”གི་ལམ་ལུགས་དོན་འཁྱོལ་ནན་མོ་དང་། གསོ་སྦྱོང་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལས་སྒོ་གསོ་སྦྱོང་ཟུང་འབྲེལ་བྱེད་པ། ཏང་གི་སྒྲིག་ཡིག་དང་ཏང་སྲོལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སོགས་གཙོ་གནད་དུ་བཟུང་ནས་སློབ་སྦྱོང་བྱེད་པ་དང་ཆབས་ཅིག“ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་བློ་ལ་བརྟན་པོར་ངེས་པ་”དང་“ཁོར་ཡུག་མཛེས་བཟོ་བྱེད་པ། ཏང་ཡོན་སྔོན་ལ་སྐྱོད་པ་”ཞེས་པ་སོགས་བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས་ཏང་ཡོན་གྱི་སློབ་གསོའི་བྱེད་སྒོ་དང་ཏང་ཡོན་གྱི་ཕུགས་བསམ་དད་སེམས་དང་ཏང་གཤིས་བློ་སྦྱོང་མཐོ་རུ་བཏང་ཡོད།

1605514492431328.jpg 


加强双语法制人才培养,保障民族团结进步事业
甘肃省法官学院二维码