2022-05-19ཉར་ཚགས་བྱ།

ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་གཉིས་པས་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་བསྡུས།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1598843794221706.jpg


             ཟླ་8ཚེས་30ཉིན།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་གཉིས་པས“ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ནན་པོ་སྲུང་བ”དང“ཏང་ལ་ལྷག་བསམ་རྣམ་དག་བྱེད་པའི”བརྗོད་དོན་གཙོ་བོར་དམིགས་ཏེ་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུ་ཡིས་ཡོན་ཀྲང་བཀྲ་ཤིས་ཚེ་རིང་ཚོགས་འདུར་ཞུགས་ནས་མཛུབ་སྟོན་བྱས།

            རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་ཞིང་ཆེན་ཁྲིམས་ཁང་ལས་ཁུངས་ཏང་ཨུད་ཀྱི《གཞི་རིམ་ཏང་ཀྲི་པུའུ་ཡི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུ་སྒྲིག་འཛུགས་དང་སྐོང་ཚོགས་བྱ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་གཞིར་བཟུང་ནས།ཐོག་མར་ཏང་ཡོན་ཡོངས་ཀྱིས་ཏང་གི་དར་ཆའི་མདུན་དུ་ཏང་ནང་ཞུགས་པའི་དམ་ཚིག་བསྐྱར་དྲན་བྱས་པ་དང་།ཏང་ཀྲི་པུའུ་གཉིས་པའི་ཧྲུའུ་ཅིས་ཀྲི་པུའུ་ཡི་ཚབ་ཞུས་ནས་ཚོགས་འདུ་མ་འཚོགས་གོང་སློབ་སྦྱོང་སྒྲིག་འཛུགས་དང་། བསམ་འཆར་བསྡུ་ལེན། སྙིང་གཏམ་བཤད་རེས་དང་གླེང་མོལ་བྱེད་རེས་སོགས་ཀྱི་གྲ་སྒྲིག་གནས་ཚུལ་གསལ་བཤད་བྱས་ཏེ། ཚོགས་འདུའི་བརྗོད་བྱ་གཙོ་བོར་དམིགས་ནས་ལྟ་སྡུར་ཞིབ་བཤེར་གཏིང་ཟབ་དང་།ཏང་ཡོན་མི་རེ་ངོ་རེས་ཀྱང་རེ་རེ་བཞིན་མི་སྒེར་གྱི་ལྟ་སྡུར་ཞིབ་བཤེར་གཏམ་བཤད་བྱས་པ་མ་ཟད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱང་བྱས་ཡོད་ལ། གནད་དོན་འཚོལ་སྟོན་དང་། རྒྱུ་རྐྱེན་དབྱེ་ཞིབ། འབད་བརྩོན་གྱི་ཁ་ཕྱོགས་དང་དག་ཐེར་ཡོ་བསྲང་བཅས་བྱས།

             བཀྲ་ཤིས་ཚེ་རིང་གིས་དཔྱད་བརྗོད་ནང་ཏང་ཀྲི་པུའུ་གཉིས་པའི་ཐེངས་འདིའི་རྩ་འཛུགས་འཚོ་བའི་ཚོགས་འདུར་ཚད་མཐོའི་མཐོང་ཆེན་དང་། གྲ་སྒྲིག་གང་ལེགས། ལྷག་བསམ་ཟོལ་མེད། སྐྱོན་བརྗོད་བྱེད་ཕོད་པ། བརྗོད་དོན་གཙོ་བོ་མངོན་གསལ་དོད་པ་སོགས་ཀྱི་ཁྱད་ཆོས་མངོན་པ་དང་ཚོགས་འདུའི་ཐོག་རྣམ་པ་བཟང་པོ་ཞིག་བཏོད་ཡོད། གདོང་དམར་པོ་ཆགས་པ་དང་རྔུལ་ཆུ་ཐོན་པའི་ཕན་འབྲས་ཐོན་ཡོད་པ། ངར་ཤུགས་ཆེར་སྐྱེད་ཀྱི་ནུས་པ་ཐོན་པ་དང་། བློ་མཐུན་ཚོས་རང་ཉིད་ནས་འགོ་རྩོམ་པ་དང་། གཏམ་བཤད་འཕྲལ་སྒྲུབ། འཕྲལ་སྒྲུབ་འཕྲལ་བཅོས་བཅས་བྱེད་པའི་ཆོད་སེམས་དང་རྣམ་འགྱུར་མཚོན་ཡོད། ཀྲི་པུའུ་དང་ཀྲི་པུའུ་ཡི་ཏང་ཡོན་གྱི་གོམ་རིམ་རྗེས་མའི་ལས་ཀ བློ་མཐུན་བཀྲ་ཤིས་ཚེ་རིང་གིས་སློབ་སྦྱོང་སློབ་གསོ་རྒྱུན་མཐུད་དང་གཏིང་ཟབ་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱེད་པ། ཏང་གི་སྒྲིག་ཡིག་དང་《ཀྲུང་གོའི་གུང་ཁྲན་ཏང་གི་སྤྱོད་གཙང་རང་གཅུན་ཚད་གཞི་》《ཀྲུང་གོའི་གུང་ཁྲན་ཏང་གི་ཏང་ཡོན་གྱི་སློབ་གསོ་དོ་དམ་སྲོལ་ཡིག་》སོགས་ཏང་ནང་གི་ཁྲིམས་སྲོལ་སློབ་སྦྱོང་ནན་ཏན། དོན་དངོས་དང་ཟུང་འབྲེལ་བྱས་ནས་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་དང་། ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་ཀྱི་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་བསམ་བློའི་“སྤྱིའི་གློག་སྒོ་”དམ་པོར་རྒྱག་དགོས་པ། དངོས་ཐོག་བདེན་འཚོལ་གྱིས་གནད་དོན་དག་ཐེར་ཡོ་བསྲང་དམ་འཛིན་ལེགས་པོ་བྱེད་པ། རྩ་འཛུགས་འཚོ་བའི་ཚོགས་འདུའི་ཐོག་བཏོན་པའི་གནད་དོན་དང་བཏོན་པའི་བསམ་འཆར་དང་གྲོས་འགོ། བསམ་བློའི་འབྱུང་རྩའི་ཐོག་ནས་རྒྱུ་རྐྱེན་དབྱེ་ཞིབ་བྱེད་པར་དོ་སྣང་། རང་འགུལ་གྱིས་ཨང་རྟགས་ལྟར་གྲལ་དུ་བཞུགས་པ་དང་ངོས་འཛིན་རྩིས་ལེན་ཧུར་ཐག་བྱེད་པ། སྒྱུར་བཅོས་དང་ལག་བསྟར་བྱས་ནས་རྩ་བའི་ཐོག་ནས་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས། ཚད་གཞི་མཐོ་པོ་དང་མཐའ་ཚད་སྲུང་བ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་སྒྲིག་ཡིག་དང་། ཏང་གི་སྒྲིག་ཁྲིམས། ཏང་གི་སྒྲིག་སྲོལ་བཅས་ལ་བརྩི་སྲུང་ནན་མོ་བྱེད་དགོས། སྤྱོད་ཚུལ་མུ་མཐུད་ལེགས་སུ་གཏོང་བ་དང་རྩ་འཛུགས་འཚོ་བའི་ཚོགས་འདུའི་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས། ཀྲི་པུའུ་ཡི་ཏང་ཡོན་ལ་སློབ་གསོ་དང་དོ་དམ་བྱེད་པའི་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཕུན་སུམ་ཚོགས་པ་དང་ཧུར་བརྩོན་ཡར་ཐོན་གྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ། ཏང་ཡོན་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། ཏང་ཡོན་ལས་བྱེད་པའི་སེམས་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་ལས་བྱེད་པའི་ཉམས་འགྱུར་བཟང་པོ་མངོན་པ་བཅས་བྱེད་དགོས་ནན་གྱིས་བཤད།

1598843794590027.jpg

 

ད་རེས་ཀྱི་ཚོགས་འདུའི་ཐོག་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་གཉིས་པས་སེམས་ནུས་གཅིག་སྒྲིལ་གྱིས་ཀྲི་པུའི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་ཆོད་སེམས་དང་སྙིང་རུས་མཚོན་ཡོད་ལ། སྔོན་དཔག་གི་ཕན་འབྲས་བཟང་བོ་ཐོབ་ཡོད། ཆབ་སྲིད་ཀྱི་ཚུགས་གནས་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཏང་ཡོན་གྱི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་བཅས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་པ། འགན་འཁྲི་སྒྲུབ་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་དང་། ལས་གནས་ལ་གཞི་ཚུགས་པ། འགན་འཁུར་ཕོད་པ་བཅས་བྱེད་པ། རང་འགན་གཙང་སྒྲུབ་ནན་ཏན་བྱས་པས་སྣེ་ཁྲིད་ཀྱི་ནུས་པ་ཐོན་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་ཆེ་རུ་ཕྱིན་ཡོད། ནུས་ཤུགས་ཡོད་རྒུས་སློབ་གླིང་གི་སྲིད་འཛིན་རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་ལས་དོན་ལ་ཞབས་འདེགས་ཞུ་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱས་ཡོད། ཏང་ཡོན་ཡོངས་ཀྱིས་གོ་སྐབས་འདི་དང་བསྟུན་ནས་ཐེངས་འདིའི་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས། ཞིབ་བསྡུར་དབྱེ་ཞིབ་བྱས་ནས་ཐོན་པའི་གནད་དོན་ཁྱོན་ཡོངས་ནས་དག་ཐེར་ཡོ་བསྲང་བྱས་ཏེ་དག་ཐེར་ཡོ་བསྲང་གནད་དུ་འཁེལ་བར་བྱེད་པ་དང་།ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་དང་འཐབ་ནུས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སློབ་གླིང་གི་བྱ་གཞག་ཁག་ཚན་རིག་དང་མཐུན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད།


加强双语法制人才培养,保障民族团结进步事业
甘肃省法官学院二维码