2022-05-19ཉར་ཚགས་བྱ།

ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་ཁག་གིས་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་འཚོགས།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1592205400385043.jpg


ཉེ་ཆར། སློབ་གླིང་གི་ཏང་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཆོག་མཆན་ཐོབ་རྗེས། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཀྲི་པུའུ་དང་པོ་དང་གཉིས་པས་ཏང་ཡོན་ཡོངས་ཀྱི་ཚོགས་ཆེན་བསྡུས། སྐབས་གསར་པའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བ་རེད། ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཙུའོ་ཞིན་དང་ཡོན་ཀྲང་བཀྲ་ཤིས་ཚེ་རིང་གིས་ཏང་ཡོན་དཀྱུས་མ་ཞིག་གི་ངོས་ནས་རང་ཉིད་གནས་སའི་ཀྲི་པུའུ་ཡི་སྐབས་བརྗེའི་འདེམས་བསྐོའི་ཚོགས་འདུར་ཞུགས་པ་རེད། ཞིང་ཆེན་ཁྲིམས་ཁང་སྒྲིག་བཤེར་ལྟ་ཞིབ་ཁང་གིས་མངགས་གཏོང་བྱས་པའི་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་སྲིད་གཙང་ལྟ་ཞིབ་པ་ལི་ཞུའེ་ཀྲེན་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་ནས་ཀྲི་པུའུ་གཉིས་ཀྱི་སྐབས་བརྗེའི་འདེམས་བསྐོའི་བརྒྱུད་རིམ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་རེད། 

ཀྲི་པུའུ་དང་པོ་དང་གཉིས་པའི་ཏང་ཡོན་ཚོགས་ཆེན་གྱིས་སྐབས་གོང་མའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་གནང་བའི་ལས་དོན་སྙན་ཞུར་ཉན་པ་དང་འབྲེལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། འདེམས་བསྐོ་བྱེད་ཐབས་དང་སྐབས་གསར་པའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་འོས་མིའི་མིང་འདོན་མཚན་ཐོ་དང་ཚོགས་ཆེན་གྱི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་རྩིས་རྒྱག་མཁན་གྱི་མཚན་ཐོར་གྲོས་ཞིབ་བྱས་ནས་གྲོས་འཆམ་ཡོང་བ་བྱས་ཏེ།ཚོགས་ཆེན་ཐོག་མིང་མ་བཀོད་པར་འདེམས་ཤོག་འཕེན་པ་དང་ལྷག་གྲངས་ཡོད་པའི་འདེམས་བསྐོ་བྱེད་སྟངས་ཐོག་ནས་ཀྲི་པུའུ་གཉིས་ཀྱི་སྐབས་གསར་པའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བ་རེད། 


 སྐབས་བརྗེའི་འདེམས་བསྐོའི་ལས་དོན་མཇུག་སྒྲིལ་རྗེས་སློབ་གླིང་ཏང་ཨུད་ཀྱི་ཧྲུའུ་ཅི་ཡང་ཙུའོ་ཞིན་གྱིས་ཀྲི་པུའུ་དང་པོ་དང་གཉིས་པའི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་བདེ་བླག་ངང་འཚོགས་པ་དང་སྐབས་གསར་པའི་ཏང་ཀྲི་པུའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བདམས་ཐོན་བྱུང་བར་རྟེན་འབྲེལ་ཞུས། དེ་དང་ཆབས་ཅིག་ཏང་ཀྲི་པུའི་སྐབས་བརྗེ་ནི་ཏང་ཡོན་ཡོངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་དང་ཏང་ཡོན་མི་རེ་ངོ་རེར་ཏང་གཤིས་ཀྱི་སློབ་གསོ་གཏིང་ཟབ་གཏོང་བ་དང་ཏང་གཤིས་སྦྱོང་བརྡར་བྱེད་པ།ཀྲི་པུའུ་གཉིས་ཀྱི་སྐབས་གསར་པའི་ཀྲི་པུའུ་ཨུ་ཡོན་ཚན་ཁག་གིས་རྒྱ་ཆེའི་ཏང་ཡོན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། སློབ་གླིང་གི་ཏང་ཨུའི་འགོ་ཁྲིད་འོག་སྙིང་སྟོབས་ཆེར་སྐྱེད་དང་ཧུར་བརྩོན་གྱིས་ལས་ཀ་བྱེད་པ།ཏང་ཀྲི་པུའུ་ཡི་ལས་དོན་ཁག་ལ་སྔར་བས་ཤུགས་སྣོན་དང་། ཞིབ་ཚགས། ལེགས་སྒྲིག་བཅས་བྱས་ཏེ་ཚད་ལྡན་ཅན་གྱི་ཏང་ཀྲི་པུའུ་འཛུགས་སྐྱོང་ལ་སྙིང་རུས་ཆེན་པོས་ལས་དོན་སྤེལ་བ་དང་བྱས་རྗེས་ཧུར་ཐག་འཇོག་དགོས་ཞེས་ནན་གྱིས་བཤད།

1592205422575608.jpg


ཚོགས་འདུ་གྲོལ་རྗེས། ཀྲི་པུའུ་དང་པོ་དང་གཉིས་པའི་སྐབས་གསར་པའི་ཀྲི་པུའུ་ཨུ་ཡོན་ལྷན་ཁང་གིས་སོ་སོར་གྲོས་ཚོགས་ཐེངས་དང་པོ་འཚོགས་ཏེ། མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཀྲི་པུའུ་ཧྲུའུ་ཅི་བདམས་ཐོན་བྱུང་བ་དང་། སྐབས་གསར་པའི་ཀྲི་པུའུ་ཨུ་ཡོན་གྱི་ལས་བགོས་ཁ་གསལ་བྱས་པ་དང་ཆབས་ཅིག་ཀྲི་པུའུ་གཉིས་ཀྱི་ཉེ་དུས་ཀྱི་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད། 


加强双语法制人才培养,保障民族团结进步事业
甘肃省法官学院二维码