2022-05-19ཉར་ཚགས་བྱ།

ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཅང་སུའུ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ནན་ཅེ•ལུང་དབྱིང་ཆང་གདན་དྲངས་ནས་སློབ་མར་ཆེད་དོན་འཆད་ཁྲིད་རབ་དང་རིམ་པ་བྱས་པ།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1592452049393530.jpg        

         ཟླ་6ཚེས་12ཉིན་ནས་ཚེས་13ཉིན་བར། ཅང་སུའུ་དགེ་འོས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་རྣམ་རྒྱལ་ལུང་དབྱིང་ཆང་གདན་ཞུས་ལྟར་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་ཕེབས་ནས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་རྒྱ་བོད་སྐད་གཉིས་མཐོར་གཏོང་འཛིན་གྲྭར་ཆེད་དོན་འཆད་ཁྲིད་རབ་དང་རིམ་པ་གནང་བ་དང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་2016ལོའི་བོད་རྒྱ་སྐད་ཡིག་གཉིས་ཤེས་རིག་པའི་དངོས་གཞིའི་ཚན་ཁག་འཛིན་གྲྭའི་སློབ་མ་ཡོངས་ཀྱིས་འཆད་ཁྲིད་ཟུར་ཉན་གནང་བ་རེད། 

           དགེ་རྒན་ཆེ་མོ་བ་ལུང་དབྱིང་ཆང་གི་འཆད་ཁྲིད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་འཛུགས་སྐྱོང་དང་བོད་རིགས་ཀྱི་ཁྲིམས་ལུགས་རིག་གནས་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོ། ཁྲིམས་ལུགས་འཛུགས་སྐྱོང་བཅས་ཀྱི་བརྒྱུད་རིམ་ནང་བོད་རྒྱ་སྐད་ཡིག་གཉིས་ཀྱི་ཁྲིམས་ལུགས་རིག་པའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གལ་ཆེའི་རང་བཞིན་སོགས་ཀྱི་ནང་དོན་ཚུད་ཡོད། སློབ་ཁྲིད་ཀྱི་ནང་དོན་ནི་བོད་རྒྱ་སྐད་གཉིས་རིག་པའི་སློབ་གསོའི་དོན་དངོས་ནས་འགོ་བརྩམས་ཏེ། ཁྲིམས་འཛིན་ལག་ལེན་དང་དེ་བཞིན་བོད་རིགས་ས་ཁུལ་གྱི་ཁྲིམས་ལྟར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་དམ་པོར་དམིགས་ཏེ་དོན་ཟབ་གོ་སླ་བའི་སྒོ་ནས་འགྲེལ་བཤད་གནད་ལ་འཁེལ་བ་བརྒྱབ་ཡོད། བོད་རྒྱ་ཡིག་རིགས་གཉིས་ཀྱི་ཐོག་ནས་ཆེད་ལས་ཀྱི་ལྟ་ཕྱོགས་ཐོག་ནས་རང་རྒྱལ་གྱི་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་འཛིན་ལག་ལེན་གྱི་ད་ལྟའི་གནས་བབ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་སྐད་གཉིས་གཏུག་བཤེར་གྱི་བེད་སྤྱོད་རིན་ཐང་དང་དོན་སྙིང་གལ་ཆེན་ལ་དབྱེ་ཞིབ་བྱས་ཡོད། 

1592452070389184.jpg             

             ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་ཡུན་རིང་འཛིན་གྲྭ་ནིཀྲུང་གུང་ཀན་སུའུ་ཞིང་ཨུད་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་འཆར་འགོད(2014ལོ་ནས་2020ལོ་བར)ཀྱི་བླང་བྱ་གཞིར་བཟུང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་སྣེ་ཁྲིད། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྒྲིག་འཛུགས་ལག་བསྟར་བྱས་པའི་བོད་རྒྱ་སྐད་གཉིས་ཀྱི་ཁྱད་ལྡན་ཤེས་ལྡན་མི་སྣ་གསོ་སྐྱོང་སྦྱོང་བརྡར་འཛིན་གྲྭ་ནི་སྐད་གཉིས་ཤེས་ལྡན་མི་སྣའིམི་སྟོང་གི་འཆར་གཞིདོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་2015ལོ་ནས་བཟུང་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བོད་རྒྱ་སྐད་གཉིས་ཀྱི་ཡུན་རིང་འཛིན་གྲྭ་ཐེངས་9གཉེར་བ་དང་། ལས་བྱེད་པ་དང་ཉེན་རྟོག་པ་མི་ཐེངས་1000ལྷག་ཙམ་གསོ་སྦྱོང་བྱས་ནས་རང་ཞིང་གི་མི་རིགས་ས་ཁུལ་གྱི་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་གཏིང་ཟབ་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། 

              2016ལོའི་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་བོད་རྒྱ་སྐད་གཉིས་རིག་པའི་དངོས་གཞིའི་ཚན་ཁག་གི་འཛིན་གྲྭ་ནི་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་། ཀན་སུའུ་སྲིད་ཁྲིམས་སྲིད་ཁྲིམས་སློབ་ཆེན(ཀན་སུའུ་སྲིད་ཁྲིམས་སློབ་གླིང་)ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱ་སྐད་གཉིས་རིག་པའི་དངོས་གཞིའི་ཚན་ཁག་གི་འཛིན་གྲྭ་ཐོག་མ་དེ་ཡིན་པ་རེད། མིག་སྔའི་བར། འཛིན་གྲྭ་དེའི་སློབ་མ་45ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་ལག་ལེན་ལ་བརྟེན་ནས་སློབ་ཁྲིད་ལ་ཤུགས་སྣོན་བརྒྱབ་པ་ནིཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ཀན་སུའུ་སྲིད་ཁྲིམས་སློབ་གླིང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གིས་མཉམ་འབྲེལ་ཐོག་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ལག་བསྟར་ཇུས་གཞིདོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། རང་ཞིང་གི་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པར་འཚོལ་ཞིབ་གསར་བ་དང་ཕན་ཡོད་ཀྱི་ཚོད་ལྟ་བྱས། 


加强双语法制人才培养,保障民族团结进步事业
甘肃省法官学院二维码