2022-05-19ཉར་ཚགས་བྱ།

ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་2016ལོའི་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དངོས་གཞིའི་འཛིན་གྲྭ་བདེ་བླག་ངང་མཐར་ཕྱིན།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1593764966688385.jpg       

          ཟླ་6པར།མཐར་ཕྱིན་དུས་ཚིགས་དུས་ལྟར་ཐོན། ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།ཀན་སུའུ་སྲིད་ཁྲིམས་སློབ་ཆེན།ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་བཅས་ཀྱིས་མཉམ་འབྲེལ་ཐོག་གསོ་སྐྱོང་བྱས་པའི་2016ལོའི་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དངོས་གཞིའི་སློབ་མ་45ཡོད།ཟླ་6ཚེས་24ཉིན་བདེ་བླག་ངང་སློབ་མཐར་ཕྱིན་པ་དང་ཆབས་གཅིག་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་མཐར་ཕྱིན་མཛད་སྒོ་སྤེལ།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབྱང་ཙོ་ཞིན།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་ཡོན་ཀྲང་བཀྲ་ཤིས་ཚེ་རིང་མཐར་ཕྱིན་མཛད་སྒོར་ཞུགས་པ་དང་།ཀན་སུའུ་སྲིད་ཁྲིམས་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཁྲང་ཅེ་ཁོན་གྱིས་མཐར་ཕྱིན་ལ་ཕྱོགས་སྡོམ་གསུང་བཤད་གནང་བ་རེད། 

1593765002766488.jpg

        

          ཀན་སུའུ་ཞིང་ཆེན་ནང་ཁུལ་དུ་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་སྣེ་ཁྲིད་དེསློབ་ཁང་གཅིག་དང་སློབ་གྲྭ་གཉིསཀྱིས་མཉམ་དུ་གསོ་སྐྱོང་བྱས་པའི་རྒྱ་བོད་སྐད་གཉིས་ཀྱི་སློབ་རྒྱུས་ལྡན་པའི་སློབ་མ་ཁག་དང་པོ་དེ་ཡིན་པ་རེད།ཀན་སུའུ་ཞིང་ཆེན་བོད་རིགས་ས་ཁུལ་གྱི་འདྲི་གཅོད་ལག་ལེན་གྱི་ཁ་ཚ་དགོས་གཏུག་གི་དགོས་མཁོ་གཞིར་བཟུང་ལག་བསྟར་བྱས་པའི་ཆེད་དོན་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཇུས་གཞི་ཞིག་རེད།ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་གསར་གཏོད་གལ་ཆེན་དང་ཕན་ཡོད་ཀྱི་ཚོད་ལྟ་ཞིག་ཡིན།ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།ཀན་སུའུ་སྲིད་ཁྲིམས་སློབ་ཆེན།ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་བཅས་ཕྱོགས་གསུམ་གྱིས་དེའི་གསོ་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཡོད།གསོ་སྐྱོང་ཇུས་གཞིར་བཟོ་བཅོས།སློབ་ཚན་ཇུས་འགོད།དགེ་རྒན་བཀོད་སྒྲིག་སོགས་ཀྱི་ཐད་ལ་ཞིབ་འཇུག་ནན་ཏན་དང་བསམ་གཞིགས་ཡང་ཡང་བྱས།ཆེད་ལས་གསོ་སྐྱོང་བྱེད་རིང་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་དགོས།ཆེད་ལས་སློབ་ཚན་གྱི་རིན་ཐང་སྣེ་ཁྲིད་ཀྱི་ལས་འགན་ལྗིད་པོ་སྤྲད་དེ་སློབ་མས་སྦྱངས་པའི་ཤེས་བྱ་རྒྱལ་ཁབ་ཀྱི་དགོས་མཁོ་དང་མི་རིགས་ས་གནས་དར་རྒྱས་ཡོང་བར་ཞབས་འདེགས་ཞུ་བར་ཁྲིད་སྟོན་བྱ་དགོས།ཆབ་སྲིད་ཐོག་བློས་བཀལ་ཆོག་པ་དང་།སྤྱོད་ལམ་དང་ཁྲིམས་ལུགས་གཉིས་འཛིན་པའི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་དགོས།དུས་མཚུངས་སུ་ཆུ་ཚད་མཐོ་བའི་ལག་ལེན་ཁྲོད་ནས་མི་གསོ་སྐྱོང་བྱེད་པའི་དམིགས་འབེན་མངོན་འགྱུར་གང་ཐུབ་བྱ་དགོས།བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཁྲོད་སློབ་གྲྭའི་ཕྱི་ནང་གི་ཐོན་ཁུངས་དང་།སློབ་མའི་དངོས་གཉེར་ནུས་རྩལ་དང་རྟོག་བསམ་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།དངོས་གཉེར་སྡེ་ཁག་དང་འབྲེལ་གཏུག་བྱེད་ཤུགས་ཇེ་ཆེར་གཏོང་བ།ཁྲིམས་ལུགས་རིག་པའི་སློབ་གསོ་དང་བཅའ་ཁྲིམས་ལས་དོན་སྡེ་ཁག་བར་གྱི་མཉམ་འགུལ་བཟང་པོ་ཆགས་ཡོད། 

1593765034956053.jpg

         

           2016ལོ་རིམ་པའི་རྒྱ་བོད་སྐད་གཉིས་རིག་པའི་དངོས་གཞིའི་ཚན་ཁག་གི་འཛིན་གྲྭ་ནས་ཐོན་པའི་བྱེད་སྒོ་སྤེལ་ནས་སློབ་ཐོན་དཔྱད་རྩོམ་བགྲོ་གླེང་དང་།སྐད་གཉིས་ལད་ཟློས་ཁྲིམས་རའི་འདྲི་གཅོད་འགྲེམས་སྟོན།སློབ་ཐོན་རིག་རྩལ་དགོང་ཚོགས་སོགས་སྣ་མང་ཕུན་སུམ་ཚོགས་པ་དང་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་སྤེལ་ཡོད།ཕུལ་བྱུང་སློབ་ཐོན་སློབ་མ་དང་།ཕུལ་བྱུང་དངོས་སྦྱོང་སློབ་མ།ཕུལ་བྱུང་སློབ་ཐོན་དཔྱད་རྩོམ་གྱི་བྱ་དགའ་ཐོབ་མཁན།སྐད་ཡིག་གཉིས་ཀྱི་ལད་ཟློས་ཁྲིམས་རའི་འདྲི་གཅོད་ཁྲོད་ཀྱི་ཕུལ་བྱུང་དག་འབུད་པར་གཟེངས་བསྟོད་བྱས་ཡོད།སློབ་མའི་སློབ་སྦྱོང་གི་བརྩོན་སེམས་དང་བྱ་བའི་བརྩོན་སེམས་སྐུལ་སློང་བྱས། 

1593765083441403.jpg

             

           སློབ་མཐར་ཕྱིན་རྗེས་སློབ་གྲོགས་རྣམས་ལ་གྲུབ་འབྲས་ཆེན་པོ་ཐོབ།འཛིན་གྲྭ་ཡོངས་ཀྱི་མི་8ཀྱིས་2019རིམ་པའི་བཅའ་ཁྲིམས་ལས་རིགས་ཀྱི་ཐོབ་ཐང་རྒྱུགས་ལེན་(Cལག་ཁྱེར་ཚུད་)བརྒྱུད་དེ་མི་10ལ་གྲོས་འཆམ་བྱུང་།བརྒྱུད་ཚད་18%ཟིན་པ་དང་གཞན་ཡང་སློབ་མ་1བོད་ལྗོངས་སློབ་ཆེན་གྱི་ཞིབ་འཇུག་སློབ་མ་རྒྱུགས་འཕྲོད།མུ་མཐུད་དུ་ཟབ་སྦྱོང་བྱེད་པ་ལས་གཞན།སློབ་གྲོགས་ཚང་མ་བོད་ཁུལ་དུ་ལོག་ནས་བྱ་བ་བསྒྲུབ།ཁོང་ཚོ་རང་རྒྱལ་གྱི་མི་རིགས་ས་ཁུལ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པ་ཞིག་ཏུ་གྱུར་ནས་མི་རིགས་ས་ཁུལ་གྱི་སྐད་གཉིས་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་ཧ་ཅང་དཀོན་པའི་དངོས་ཡོད་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། 
            

           ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་ཁྲིམས་ལྟར་རྒྱལ་སྐྱོང་གི་ལག་ལེན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུ་དེ་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་དོན་སྙིང་གལ་ཆེན་ལྡན་པ་དང་།ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་མངོན་འགྱུར་བྱེད་པའི་གཙོ་གནད་དང་དཀའ་གནད་ཡིན།བོད་རིགས་འདུས་སྡོད་ཁུལ་གྱི་མི་དམངས་ལ་ཁྲིམས་སྐྱོང་གི་ཁེ་དབང་ལོངས་སུ་སྤྱོད་རྒྱུ་ཡོད་པའི་འགན་ལེན་གལ་ཆེན་ཞིག་ཡིན་ལ་བོད་རིགས་འདུས་སྡོད་ཁུལ་གྱི་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཀྱང་རེད།དེར་བརྟེན།ང་ཚོས་མུ་མཐུད་དེགྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་ལ་ཞབས་འདེགས་ཞུ་བ་དང་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བའིསློབ་གཉེར་གྱི་ཐོག་མའི་བསམ་འདུན་མཐའ་འཁྱོངས་བྱས་ནས་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་ཡག་པོ་བྱ་རྒྱུ་དང་།དེས་མི་རིགས་ས་ཁུལ་ལ་ཞབས་འདེགས་སྔར་ལས་ལེགས་པ་ཞུ་ཐུབ་པ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འཐབ་ཇུས་དེ་མི་རིགས་ས་ཁུལ་དུ་ལག་ལེན་མཐར་ཕྱིན་བསྟར་རྒྱུའི་དགོས་གཏུག་ཆེ་བའི་དགོས་མཁོ་ཞིག་ཀྱང་རེད། 


加强双语法制人才培养,保障民族团结进步事业
甘肃省法官学院二维码