2022-05-19ཉར་ཚགས་བྱ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཀན་ལྷོ་ཁུལ་གྱི་གཙོད་གྲོང་ཁྱེར་དང་རྫོང་ཁག་གཅིག་གི་སྲིད་ཁྲིམས་ཁོངས་གཏོགས་སུ་བསྐྱོད་དེ་མི་རིགས་དང་རྒྱ་སྐད་གཉིས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཟབ་སྦྱོང་དང་གསོ་སྦྱོང་གི་ལས་དོན་ལ་བརྟག་ཞིབ་བྱས།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-21

1605515499814052.jpg         

             ཟླ་9ཚེས་13ཉིན་ནས་ཚེས་17ཉིན་བར་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་འབྲེལ་ཡོད་མི་སྣ་མི་4སྒྲིག་འཛུགས་བྱས་ཏེ་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་དང་།བསང་ཆུ་རྫོང་།ཀླུ་ཆུ་རྫོང་།རྨ་ཆུ་རྫོང་བཅས་སྲིད་ཁྲིམས་ཁོངས་གཏོགས་སུ་བསྐྱོད་དེ་མི་རིགས་དང་རྒྱ་སྐད་གཉིས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཟབ་སྦྱོང་དང་གསོ་སྦྱོང་བེད་སྤྱོད་བྱས་ཚུལ་ལ་བརྟག་ཞིབ་བྱས་པ་དང་།ཆབས་ཅིག་ཀན་ལྷོ་ཁུལ་གྱི་གྲོང་ཁྱེར་དང་རྫོང་གཞན་དག་ལ་ཡིག་ཐོག་བརྟག་ཞིབ་དང་ཡིག་ཐོག་བཅར་འདྲི་རྣམ་པའི་ཐོག་ནས་ཆེད་དོན་བརྟག་ཞིབ་བྱ་རྒྱུ་རེད། 

1605515520515100.jpg

        

                ད་ཐེངས་ཀྱི་བརྟག་ཞིབ་བྱེད་སྒོ་ནིཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གི་2020ལོའི་སློབ་ཁྲིད་ཚན་ཞིབ་ལས་དོན་ཇུས་གཞིའིདགོས་མཁོར་གཞིགས་ནས་ཆེད་དོན་བརྟག་ཞིབ་བྱས་པ་ཞིག་རེད།ཀྲུང་གུང་ཀན་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བསྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་འཆར་འགོད་(2014-2020ལོ)ཞེས་པའི་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་མི་སྟོང་གི་འཆར་གཞི་ཡི་ལས་འགན་དོན་འཁྱོལ་བྱས་ཚུལ་ལ་ཆེད་དམིགས་བརྟག་དཔྱད་ཞིབ་འཇུག་སྒྲིག་འཛུགས་བྱས།དེའི་དམིགས་ཡུལ་ནི་ཀན་ལྷོ་ཁུལ་སྲིད་ཁྲིམས་ཁོངས་གཏོགས་ཀྱི་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པམི་སྟོང་གི་འཆར་གཞིའིལས་འགན་དོན་འཁྱོལ་དང་དེ་བཞིན་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཟབ་སྦྱོང་དང་།གསོ་སྐྱོང་།བེད་སྤྱོད།དགོས་མཁོ།གྲོས་གཞི་བཅས་ཁྱོན་ཡོངས་ནས་ཤེས་རྟོགས་བྱ་རྒྱུ་དེ་རེད།བཞུགས་མོལ་སྤེལ་རེས་དང་འདྲི་ཤོག་བརྟག་དཔྱད་སོགས་ཀྱི་བྱེད་སྟངས་ལ་བརྟེན།སྲིད་ཁྲིམས་ཚན་ཁག་གི་སྐད་གཉིས་བཅའ་ཁྲིམས་སྲིད་ཁྲིམས་དཔུང་ཁག་འཛུགས་སྐྱོང་བྱས་ཚུལ་ལ་ནན་ཏན་སྒོས་གསན་པ་དང་ཚང་མས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་སྐད་གཉིས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ཟབ་སྦྱོང་གི་འགན་ནུས་ལ་གཞི་ཚུགས་པ་དང་སྐད་གཉིས་དགེ་རྒན་དང་དེ་བཞིན་མི་རིགས་ས་ཁུལ་གྱི་ཐོན་ཁུངས་ལེགས་ཆར་བརྟེན་ནས་ཀན་ལྷོ་ཁུལ་སྲིད་ཁྲིམས་ཚན་ཁག་གི་སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་པ་གསོ་སྐྱོང་ལས་དོན་ལ་ཕན་ནུས་ཆེན་པོ་བསྐྲུན།ཟབ་སྦྱོང་བྱས་པ་བརྒྱུད་གསོ་སྐྱོང་བྱས་པའི་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པས་རྒྱུན་ལྡན་གྱི་གཏུག་བཤེར།ཁྲིམས་ལུགས་ཁྱབ་གདལ།གྱོད་གཞི་ཞིབ་གཅོད་སོགས་ཀྱི་བྱེད་སྒོའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན།ཚད་ངེས་ཅན་སྟེང་ནས་སྐད་གཉིས་ཁྲིམས་ལུགས་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱས།འོན་ཀྱང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་འཛིན་ཤུགས་ཇེ་ཆེར་སོང་བ།སྐད་གཉིས་གྱོད་གཞིའི་གྲངས་འབོར་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་བྱ་བྱང་ཆུབ་པའི་མཐོ་རིམ་ཤེས་ལྡན་མི་སྣ་དཀོན་པ།གཅིག་གྱུར་གྱི་མི་རིགས་དང་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཐ་སྙད་ཚད་ལྡན་མིན་པ་སོགས་ཀྱི་གནད་དོན་ད་དུང་ཐག་གཅོད་བྱ་དགོས། 

1605515539766265.jpg

       

            ཉེ་བའི་ལོ་ཤས་རིང་།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིསཀྲུང་གུང་ཀན་སུའུ་ཞིང་ཨུད་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་འཆར་འགོད(2014ལོ་ནས་2020ལོ་བར)ཀྱི་བླང་བྱ་གཞིར་བཟུང་།གསར་གཏོད་རང་བཞིན་གྱི་སྒོ་ནས་དུས་ཡུན་ཟླ་བ་དྲུག་གི་བོད་རྒྱ་སྐད་གཉིས་ཀྱི་རྨང་གཞིའི་འཛིན་གྲྭ་དང་།མཐོར་འདེགས་འཛིན་གྲྭ། ཟླ་བ་གཉིས་ཀྱི་བོད་རྒྱ་སྐད་གཉིས་ཤུགས་སྣོན་འཛིན་གྲྭ་བཅས་ཁྱོན་ཐེངས་9གཉེར་བ་རེད།སྐད་གཉིས་ཤེས་ལྡན་མི་སྣ་མི་1000ལྷག་ཙམ་གསོ་སྦྱོང་བྱས།དེ་མིན་བོད་རྒྱ་སྐད་གཉིས་ཀྱི་དུས་ཐུང་གསོ་སྦྱོང་འཛིན་གྲྭ་ཐེངས་18གཉེར་ནས་མི་གྲངས1800ལྷག་ཙམ་གསོ་སྦྱོང་ཚོགས།དེ་དང་ཆབས་ཅིག་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཟབ་སྦྱོང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྩ་ཁྲིམས་སློབ་གཞིདང་།ཉེས་ཁྲིམས་སློབ་གཞི》《དམངས་ཁྲིམས་སློབ་གཞིསོགས་སྐད་གཉིས་བཅའ་ཁྲིམས་གསོ་སྦྱོང་གི་བསླབ་གཞི་35རྩོམ་སྒྲིག་དང་དཔེ་སྐྲུན་བྱས་ནས་རྒྱལ་ནང་དུ་མ་ལག་རང་བཞིན་གྱི་བོད་རྒྱ་སྐད་གཉིས་ཀྱི་བཅའ་ཁྲིམས་ཟབ་སྦྱོང་བསླབ་གཞི་མེད་པའི་སྟོང་ཆ་བསྐངས་པ་རེད།སྐད་གཉིས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་ཟབ་སྦྱོང་གི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ།མི་རིགས་ས་ཁུལ་གྱི་ཁྲིམས་འཛིན་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་།མི་དམངས་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་དང་ཡི་གེ་སྤྱད་དེ་གཏུག་བཤེར་བྱེད་པའི་དབང་ཆ་འགན་ལེན་བྱེད་པ་སོགས་ཀྱི་ཐད་ལ་ནུས་པ་གལ་ཆེན་ཐོན་རྒྱུ་རེད།འབྱུང་རྩ་ནས་རིམ་པ་མཐོ་བའི་སྐད་གཉིས་ཤེས་ལྡན་མི་སྣ་དཀོན་པའི་གནད་དོན་ཐག་གཅོད་བྱ་ཆེད།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ལས་ཐོག་ལས་བྲལ་ཟབ་སྦྱོང་བྱས་པ་དང་དུས་མཚུངས་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བོད་རྒྱ་སྐད་ཡིག་གཉིས་བཅའ་ཁྲིམས་དངོས་གཞིའི་ཚན་ཁག་གི་སློབ་མའི་ལག་ལེན་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་གྲོས་མཐུན་བཞག་པ་རེད། 2019ལོའི་ཟླ་9པར་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་བོད་རྒྱ་སྐད་ཡིག་གཉིས་ཁྲིམས་ལུགས་དངོས་གཞིའི་སློབ་མ་45བསྡུ་ལེན་བྱས་ནས་སློབ་གླིང་དུ་ལག་ལེན་སློབ་ཁྲིད་བྱས་པ་རེད།མིག་སྔར་སློབ་མ་45བདེ་བླག་ངང་སློབ་མཐར་ཕྱིན་སོང་། 2020ལོར་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ནུབ་བྱང་མི་རིགས་སློབ་ཆེན་དང་ཀན་སུའུ་སྲིད་ཁྲིམས་སློབ་ཆེན་དང་འཐབ་ཇུས་མཉམ་ལས་གྲོས་མཐུན་བཞག་པ་རེད།ནུབ་བྱང་མི་རིགས་སློབ་ཆེན་གྱི་2017ལོའི་བོད་རྒྱ་སྐད་ཡིག་གཉིས་ཁྲིམས་ལུགས་དངོས་གཞིའི་སློབ་མ་40བསྡུ་ལེན་བྱས་པ་རེད།ཀན་སུའུ་སྲིད་ཁྲིམས་སློབ་ཆེན་གྱི་2017ལོའི་བོད་རྒྱ་སྐད་གཉིས་ཁྲིམས་ལུགས་དངོས་གཞིའི་སློབ་མ་53དང་ཁྱོན་བོད་རྒྱ་སྐད་གཉིས་ཁྲིམས་ལུགསདངོས་གཞིའི་སློབ་མ93གྱིས་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་ལག་ལེན་དང་སློབ་ཁྲིད་ལ་ཤུགས་སྣོན་རྒྱག་པའི་སྦྱོང་བརྡར་དང་ལེན་བྱས་པ་རེད།གཞི་ཁྱོན་ཆེ་བའི་སྐད་གཉིས་གསོ་སྦྱོང་སྤེལ་བ་དང་དུས་མཚུངས་སློབ་གླིང་གིས་ད་དུང་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་མཐོང་ཆེན་བྱེད་བཞིན་ཡོད།རྒྱལ་ནང་གི་སྐད་གཉིས་ཁྲིམས་དཔོན་གསོ་སྦྱོང་གི་གཙོ་ཆེའི་དྲ་ཚིགས་ཐོག་མ་དེ་བཙུགས་པ་དང་ཆབས་ཅིག་སྐད་གཉིས་སློབ་ཚན་ཐུང་གྲས་དང་།བོད་ཡིག་སློབ་སྦྱོང་བྱེད་པའིརིམ་སྤེལ་སློབ་ཁྲིད་ཀྱི་བརྙན་ལམ་སོགས་རྣམ་པ་སྣ་ཚོགས་ཀྱི་སྨྱན་སྦྱོར་མང་བའི་སློབ་ཁྲིད་བྱེད་སྟངས་གསར་སྤེལ་བྱས་ཡོད།སློབ་མའི་དྲ་ཐོག་ཟབ་སྦྱོང་སློབ་སྦྱོང་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད། 


加强双语法制人才培养,保障民族团结进步事业
甘肃省法官学院二维码