2022-05-19ཉར་ཚགས་བྱ།

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ“མི་སྟོང་གི་འཆར་གཞིའི”ཟབ་སྦྱོང་དང་གསོ་སྐྱོང་གི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱས།

རྩོམ་སྒྲིག་འགན་འཁུར་བ།:翻译处 ཁྱབ་བསྒྲགས་དུས་ཚོད།:2021-08-20


1605769033196554.jpg       ཟླ་11ཚེས་19ཉིན།དུས་ཡུན་ཟླ་བ་དྲུག་ཅན་གྱི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ཁོངས་གཏོགས་བོད་རྒྱ་སྐད་གཉིས་ཀྱི་མཐོར་འདེགས་ཟབ་སྦྱོང་འཛིན་གྲྭ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་དུ་བདེ་བླག་ངང་སློབ་མཇུག་སྒྲིལ།དེསཀྲུང་གུང་ཀན་སུའུ་ཞིང་ཨུ་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་འཆར་འགོད(2014ལོ་ནས་2020ལོ་བར)ནང་བཏོན་པའི་2020ལོའི་ལོ་མཇུག་བར་ཏུ་ཞིང་ཆེན་ཡོངས་ཀྱི་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཟབ་སྦྱོང་བྱེད་པའིམི་སྟོང་གི་འཆར་གཞིའིདམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་བ་མཚོན་པ་དང་།ཞིང་ཨུད་སྲིད་ཁྲིམས་ཨུ་ལྷན་ཆབ་སྲིད་པུའི་ཀྲུའུ་རེན་ཞ་ཀྲི་ཅོན་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་དང་།ཞིང་ཆེན་ཁྲིམས་ཁང་དང་།ཞིང་ཆེན་ཞིབ་དཔྱོད་ཁང་།ཞིང་ཆེན་སྤྱི་བདེ་ཐིན།ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱི་སློབ་ཟབ་སྦྱོང་ལས་དོན་གྱི་འབྲེལ་ཡོད་འགན་འཁུར་མི་སྣ་སློབ་མཇུག་འགྲིལ་བའི་མཛད་སྒོར་ཞུགས་་པ་རེད། 
        
ཞ་ཀྲི་ཅོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་རྒྱ་བོད་སྐད་གཉིས་ཟབ་སྦྱོང་ལས་དོན་ལ་ཁས་ལེན་གང་ལེགས་གནང་ཞིང་།ཟབ་སྦྱོང་ནང་ཞུགས་མཁན་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་ཡོངས་ཀྱིས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་བཏང་ནས་ལྷག་བསམ་རྣམ་དག་གིས་མཐའ་གཅིག་ཏུ་ཆབ་སྲིད་གཤིས་རྒྱུད་སྦྱོང་བརྡར་བྱེད་དགོས་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་།སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ།གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་པ།ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཁྱོན་ཡོངས་ནས་སློབ་སྦྱོང་དང་གོ་བ་ཡང་དག་ལེན་དགོས།ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བགྲོད་ལམ་རྒྱུན་འཁྱོངས་དང་།ཏང་ལ་བློ་དཀར།རྒྱལ་ཁབ་ལ་བློ་དཀར།མི་དམངས་ལ་བློ་དཀར།བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་འཛུགས་སྐྲུན་བྱེད་མཁན་དང་སྲུང་སྐྱོང་མཁན་བྱེད་དགོས།དེ་མིན་རང་འགུལ་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ནས་དུས་བདེ་འཛུགས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་།སྤྱི་ཚོགས་ཀྱི་བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཏུ་བརྩིས་ནས་དོན་འཁྱོལ་ཡག་པོ་བྱེད།ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ།བློ་གཅིག་མཉམ་སྒྲུབ་ཀྲུང་གོའི་ཕུགས་འདུན་སྙེགཞེས་པའི་སྤྱིའི་དམིགས་འབེན་དམ་པོར་སྲུང་།མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་རྒྱུ་དང་སྲིད་ཁྲིམས་ཀྱི་ལས་དོན་ཁག་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་མི་རིགས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ལ་ངོས་འཛིན་གཅིག་མཐུན་ལྔ་ཆེ་རུ་གཏོང་བར་ཁྲིད་སྟོན་དང་།རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་བ།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་བ།འགལ་བ་དང་རྩོད་གཞི་སེལ་བའི་ནང་རང་འགུལ་སྒོས་ཞུགས་པ།མི་རིགས་ས་ཁུལ་གྱི་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་དཔེ་སྟོན་སྣེ་ཁྲིད་དང་སྐུལ་འདེད་གཏོང་བ་དང་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་དགོས།རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་སྲུང་སྐྱོང་བྱས་ནས་སྦྱངས་ཟིན་པའི་གཞུང་ལུགས་ཀྱི་ཤེས་བྱ་དག་ཧུར་བརྩོན་ཆེན་པོས་ཞིབ་ཕྲའི་ལས་ཀའི་ལག་ལེན་དངོས་སྟེང་བཀོད་ནས་དཔེ་སྟོན་སྣེ་ཁྲིད་དང་ཁྱབ་འགྱེད་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།སྣེ་ཁྲིད་དེ་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་དང་མི་རིགས་ས་ཁུལ་གྱི་ཁྲིམས་ལྟར་བཅོས་སྐྱོང་ལ་སྐུལ་འདེད་གཏོང་དགོས། 

1605769053735109.jpg

           " ཤེས་རྟོགས་བྱུང་བ་ལྟར་ན། 2014ལོའི་ལོ་མཇུག་ཏུ་ཞིང་ཨུད་ཀྱིས་སྐད་གཉིས་སྲིད་ཁྲིམས་ཤེས་ལྡན་མི་སྣ་ཟབ་སྦྱོང་གསོ་སྦྱོང་ལས་དོན་དེཀྲུང་གུང་ཀན་སུའུ་ཞིང་ཨུད་སྐབས་བཅུ་གཉིས་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་ལག་བསྟར་འཆར་འགོད(2014ལོ་ནས་2020ལོ་བར)ནང་བཞག་ནས་2020ལོའི་ལོ་མཇུག་བར་ཏུ་ཞིང་ཆེན་ཡོངས་སུ་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་1400ལྷག་ཙམ་གསོ་སྐྱོང་བྱ་རྒྱུའི་འཆར་འགོད་བྱས།ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ལྷན་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྐད་གཉིས་གསོ་སྦྱོང་ལས་དོན་མཐུན་སྦྱོར་འགོ་ཁྲིད་ཚོ་ཆུང་བཙུགས།ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་སྐད་གཉིས་གསོ་སྐྱོང་དང་ཟབ་སྦྱོང་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་བཏོན། 2015ལོའི་ཟླ་3པ་ནས་བཟུང་།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ལ་གཞིར་བཅོལ་ནས་ལོ་ལྔ་ལ་བསྟུད་མར་དུས་ཡུན་ཟླ་བ་6དང་ཟླ་2ཅན་གྱི་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་རྒྱ་བོད་སྐད་གཉིས་དམའ་རིམ་འཛིན་གྲྭ་དང་།ཤུགས་སྣོན་འཛིན་གྲྭམཐོར་འདེགས་འཛིན་གྲྭ་བཅས་ཁྱོན་ཐེངས་9གཉེར་བ་དང་རྒྱ་བོད་སྐད་གཉིས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་མི་1000ལྷག་ཙམ་ལ་བུད།ཞིང་ཆེན་རིམ་པའི་སྲིད་ཁྲིམས་ལས་ཁུངས་དག་གིས་སྔ་རྗེས་སུ་རྒྱ་བོད་སྐད་གཉིས་ཀྱི་དུས་ཐུང་ཟབ་སྦྱོང་འཛིན་གྲྭ་ཐེངས་18གཉེར་བ་དང་མི1800ལྷག་ཙམ་ལ་བུད།སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའིམི་སྟོང་གི་འཆར་གཞིའིདམིགས་ཚད་བདེ་བླག་ངང་ལེགས་གྲུབ་བྱུང་ནས་ཀན་སུའུའི་ཁྱད་ཆོས་ལྡན་པའི་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་གསོ་སྐྱོང་ལ་རྣམ་པ་གསར་པ་ཞིག་ཆགས།བཅའ་ཁྲིམས་ཤེས་པ་དང་རྒྱ་བོད་སྐད་གཉིས་ཤེས་པའི་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་ཁག་ཅིག་ཉམས་འགྱུར་གསར་པ་དང་ནན་ཏན་གྱི་ལས་སྒོའི་ནུས་པས་མི་རིགས་ས་ཁུལ་གྱི་ཁྲིམས་སྐྱོང་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་ནས་མི་རིགས་ས་ཁུལ་གྱིས་ཁྲིམས་ལྟར་བཅོས་སྐྱོང་བྱེད་པར་སྟོབས་དང་ལྡན་པའི་འཇོན་མི་མཁོ་འདོན་བྱས།




加强双语法制人才培养,保障民族团结进步事业
甘肃省法官学院二维码