2021-01-25ཉར་ཚགས་བྱ།

省法官学院党委召开2020年度党组织书记抓基层党建述职评议考核工作大会

རྩོམ་སྒྲིག་འགན་འཁུར་བ།:办公室&网络信息处 ཁྱབ་བསྒྲགས་དུས་ཚོད།:2021-01-09

ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུད་ཀྱིས་2020ལོའི་ལོ་འཁོར་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་སྐོར་གྱི་དཔྱད་གླེང་དང་དཔྱད་ཞིབ་བྱེད་པའི་ལས་དོན་ཚོགས་ཆེན་འཚོགས་པ།

微信图片_20210109171435.jpg

2021ལོའི་ཟླ1ཚེས7ཉིན། ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་ཏང་ཨུད་ཀྱིས2020ལོའི་ལོ་འཁོར་གྱི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་བརྗོད་པའི་དཔྱད་གླེང་དཔྱད་ཞིབ་ཚོགས་ཆེན་འཚོགས་པ་རེད། ཚོགས་འདུའི་ཐོག་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ལས་ཁུངས་ཏང་ཨུད་ཀྱི《2020ལོའི་ལོ་འཁོར་གྱི་ཞིང་ཆེན་ཁྲིམས་ཁང་དང་ཐད་གཏོགས་ཁྲིམས་ཁང་གི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་བསྡུར་དཔྱད་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའི》བླང་བྱ་ལྟར། ལས་འགན་སྒྲུབ་ཚུལ་གསལ་ཞུ་བྱེད་པའི་གྲ་སྒྲིག་ཁྱོན་ཡོངས་ནས་ལེགས་པོ་བྱས་ཏེ། ཚོགས་ཆེན་གྱི་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་དཔྱད་བརྗོད། དམངས་གཙོའི་དཔྱད་མོལ་སོགས་ཀྱི་བྱེད་ཐབས་བརྒྱུད་ནས་2020ལོའི་ཏང་ལེགས་པོར་སྐྱོང་བའི་ལས་དོན་བསྒྲུབས་ཚུལ་ཕྱོགས་བསྡོམས་དང་། ཕན་ཚུན་བར་གནས་པའི་ཧེ་བག་དང་མི་འདང་ས་ནན་ཏན་གྱིས་གསེད་དཀྲོལ་བྱས་ཏེ། 2021ལོའི་ཏང་ལེགས་པོར་སྐྱོང་བའི་ལས་ཀའི་གཙོ་གནད་ལས་འགན་གཅིག་གྱུར་གྱིས་འཆར་འགོད་དང་བཀོད་སྒྲིག་བྱས་པ་རེད།

微信图片_20210109171447.jpg

微信图片_20210109171452.jpg

ཚོགས་འདུའི་ཐོག 2021ལོར་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་བ་དང་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། རྩ་འཛུགས་ཀྱི་འཁོར་སྐྱོད་ལམ་སྲོལ་ལེགས་སུ་གཏོང་རྒྱུར་སྣང་ཆེན་བྱེད་པ། རྩ་འཛུགས་ཀྱི་དོ་དམ་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་རྩ་འཛུགས་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས་པ་དང་། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་དམངས་གཙོའི་འཚོ་བའི་ཚོགས་འདུ་སོགས་གཞི་རྩའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་ཅན་དང་རྒྱུན་རྣམ་ཅན་དུ་འགྱུར་རྒྱུར་འགན་ལེན་བྱེད་དགོས་པ་ནན་བཤད་གནང་བ་རེད། 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཙུའུ་ཡི་ལས་དོན་སྲོལ་ཡིག》སོགས་འབྲེལ་ཡོད་ཁྲིམས་སྲོལ་དང་ཟུང་འབྲེལ་བྱས་ཏེ་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དམ་འཛིན་ཏན་ཏིག་བྱེད་པ། འགན་འཁྲི་གཙོ་བོ་གཅིག་སྡུད་བྱེད་པ། འགན་འཁུར་བ་ཨང་དང་པོའི་འགན་འཁྲི་ལག་བསྟར་ནན་ཏན་དང་། རྒྱུན་སྲིང་ལྷོད་མེད་ངང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད། བྱ་སྤྱོད་ཐད་འགན་འཁྲི་ཏན་ཏིག་འཁུར་དགོས་པ་བཅས་ཀྱི་བླང་བྱ་བཏོན།

ལས་འགན་སྒྲུབ་ཚུལ་མཇུག་སྒྲིལ་རྗེས།ཚོགས་ཞུགས་མི་སྣའི་ཏང་ཀྲི་པུའུ་འགན་འཁུར་བ་གཙོ་བོས་ཏང་འཛུགས་སྐྱོང་ལ་དམ་འཛིན་དང་འགན་འཁྲི་སྒྲུབ་ཚུལ་ལ་དཔྱད་བསྡུར་བྱས་པ་རེད།


加强双语法制人才培养,保障民族团结进步事业
甘肃省法官学院二维码