2021-01-24ཉར་ཚགས་བྱ།

甘肃省法官学院召开2020年度述职总结大会

རྩོམ་སྒྲིག་འགན་འཁུར་བ།:办公室&网络信息处 ཁྱབ་བསྒྲགས་དུས་ཚོད།:2021-01-09

ཟླ1ཚེས4ཉིན་ནས་ཚེས5ཉིན་བར་ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཀན་སུའུ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི2020ལོའི་ལོ་འཁོར་གྱི་དཔྱད་ཞིབ་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོའིབླང་བྱ་ལྟར་ཉིན་གཉིས་ཀྱི་རིང་ལ་བྱ་བའི་ཕྱོགས་སྡོམ་ཚོགས་ཆེན་འཚོགས་པ་རེད།ཚོགས་འདུའི་ཐོག་ལས་འགན་སྒྲུབ་ཚུལ་གསལ་ཞུ་དང་། དཔྱད་བརྗོད།དམངས་གཙོའི་ཚད་ལེན་བྱེད་ཐབས་བརྒྱུད་ལས་དོན་གཙོ་བོ་ལེགས་སྒྲུབ་བྱས་ཚུལ་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་དང་།ནན་ཏན་སྒོས་མི་འདང་བའི་ཆ་ལ་གསེད་དཀྲོལ་བྱས་ནས2021ལོའི་བྱ་བར་གཅིག་གྱུར་འཆར་འགོད་དང་བཀོད་སྒྲིག་ལེགས་པོ་བྱས་པ་རེད།

微信图片_20210109170558.jpg

 2020ལོར།ཀན་སུའུ་ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཡི་འགོ་ཁྲིད་བརྟན་པོའི་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཐེངས་ལྔ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས།ཞིང་ཆེན་ཁྲིམས་ཁང་གི་ཏང་ཙུའུ་ཡིས་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ལྷོད་གཡེང་མི་གཏོང་བ་དང་།ཟབ་སྦྱོང་གི་ལས་འགན་གཙོ་བོར་དམིགས་ཏེ།ཐོག་མཐའ་བར་གསུམ་དུ་སློབ་གསོ་ཟབ་སྦྱོང་ཡག་པོ་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩི་བ་བཅས་བྱས་ཏེ།ཡུལ་དངོས་ཟབ་སྦྱོང་དང་།བརྙན་ལམ་ཟབ་སྦྱོང་།འཆར་གཞི་ཕྱིའི་ཟབ་སྦྱོང་བཅས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོར་ཟབ་་སྦྱོང་འཛིན་གྲྭ་ཐེངས26སྒྲུབ་པ་དང་།མི་གྲངས3000ལྷག་ཙམ་ལ་ཟབ་སྦྱོང་བྱས།རྒྱ་བོད་སྐད་གཉིས་ཀྱི་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ།ཞིང་ཆེན་ཨུ་ལྷན་གྱི་སྐད་གཉིས་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་“མི་སྟོང་འཆར་གཞིའི་”དམིགས་འབེན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱུང་།ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་།ཀན་སུའུ་སྲིད་ཁྲིམས་སློབ་གྲྭ་ཆེན་མོ།ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་བཅས་ཀྱིས་གཏན་འབེབས་བྱས་པའིརྒྱ་བོད་སྐད་གཉིས་ཀྱི་དངོས་གཞི་སློབ་མ་གསོ་སྐྱོང་ལས་དོན་མཉམ་འབྲེལ་ཐོག་སྤེལ་རྒྱུའི་སྐོར་གྱི་ཇུས་གཞིདང་ཞིང་ཆེན་ཁྲིམས་ཁང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་བར་བཞག་པའིའཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུནགྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་རྒྱ་བོད་སྐད་གཉིས་ཀྱི་ཁྲིམས་ལུགས་དངོས་གཞི་སློབ་མ90ལ་ལག་ལེན་སློབ་ཁྲིད་བྱས།སློབ་གསོའི་ཟབ་སྦྱོང་གི་བྱེད་ཐབས་གསར་གཏོད་བྱས་ནས་དབུལ་སྐྱོར་དབུལ་སྒྲོལ་གྱི་རྣམ་པ་གསར་བར་རམ་འདེགས་བྱས་ཏེ་ལིན་ཞ་རྫོང་གི་དབུལ་སྐྱོར་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭ་དང་ཀན་ལྷོ་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་རྩིས་བཤེར་ཟབ་སྦྱོང་འཛིན་གྲྭ་བཅས་ཐེངས་གསུམ་སྒྲུབ་ནས་སློབ་མ་མི་གྲངས500ལྷག་ཙམ་ལ་ཟབ་སྦྱོང་བྱས་པ་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་གཏོད་ཀྱི་གྲུབ་འབྲས་སྲ་བརྟན་དང་།མི་རིགས་མཐུན་སྒྲིལ་ཡར་ཐོན་རྨང་གཞིའི་འཛུགས་སྐྲུན་བརྟན་དུ་གཏོང་བ།ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུ་ཤེས་བརྟན་པོ་འཛུགས་རྒྱུར་གཞི་བཅོལ་ཁྱོན་ཡོངས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྲུན་བྱ་བ་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ།“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་གཅིག་ལྟར་བརྩེ་བ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད”ཅེས་པ་བརྗོད་གཞིར་བྱས་པའི་རིག་རྩལ་དགོང་ཚོགས་བཅས་བྱ་འགུལ་ཐེངས30སྤེལ་བ་དང་།“བཅའ་ཁྲིམས་སྡེ་ཁུལ་དུ་སྤེལ་བ།”སོགས་དྲིལ་བསྒྲགས་བྱ་འགུལ་ཐེངས9སྤེལ། མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་ནས་མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་ཞིབ་འཇུག་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་རོགས་བྱས་པ་དང་།ཀན་སུའུ་ཞིང་ཆེན་རྒྱུན་མཐུད་ཞིབ་འཇུག་ལྷན་ཚོགས་ཀྱིས་གཉེར་བའི་མི་རིགས་ས་ཁུལ་གྱི་སྤྱི་ཚོགས་ཁྲིམས་ལུགས་འཛུགས་སྐྱོང་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པའི་དཔྱད་གླེང་ཚོགས་འདུའི་སྒྲུབ་འགན་འཁུར།རྒྱ་བོད་སྐད་གཉིས་ཀྱི་བསླབ་དེབ་རྩོམ་སྒྲིག་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཁྲིམས་དཔོན་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་སོགས་ཀྱི་ཆེད་མཁས་པ་དང་མཉམ་འབྲེལ་འོགཁྲིམས་དཔོན་གྱི་ལས་རིགས་ཀུན་སྤྱོད་བྱང་ཚདདངདམངས་དོན་ཁྲིམས་གཞུང་འགྲེལ་བཤདསོགས་རྒྱ་བོད་སྐད་གཉིས་ཀྱི་མུ་འབྲེལ་བསླབ་དེབ4རྩོམ་སྒྲིག་བྱས།རིག་གཞུང་ཞིབ་འཇུག་ལ་ཤུགས་སྣོན་བརྒྱབ་སྟེ་མི་རིགས་ས་ཁུལ་དུ་ཆེད་དོན་བརྟག་དཔྱད་ཞིབ་འཇུག་ཐེངས2རྩ་འཛུགས་བྱས་པ་དང་།མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་དང་བཅའ་ཁྲིམས་ཀྱི་ཕུལ་བྱུངཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ་མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་དང་ཁྲིམས་འཛིན་ལག་ལེན།སྐད་གཉིས་བཅའ་ཁྲིམས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཆེད་དོན་རིག་གཞུང་དཔྱད་རྩོམ་ཁག་ཅིག་བསྡུ་ལེན་བྱས།

微信图片_20210109170626.jpg

2021ལོར་གོ་སྐབས་དང་འགྲན་སློང་གསར་པ།ཞིང་ཆེན་ཁྲིམས་དཔོན་སློབ་གླིང་གིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ།ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་བསམ་བློ་དོན་འཁྱོལ་ནན་ཏན།སློབ་གསོ་ཟབ་སྦྱོང་དང་། མི་རིགས་ཀྱི་ཁྲིམས་ལུགས་རིག་གནས་ཞིབ་འཇུག   ཕྱི་ཕྱོགས་དང་མཉམ་ལས་སྤེལ་རེས།མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་སོགས་ཀྱི་ལས་འགན་དོན་འཁྱོལ་ཧུར་ཐག་དང་།ཞིབ་ཚགས་ཅན་གྱི་དོ་དམ་དམ་འཛིན་བྱས་ཏེ། ཞབས་ཞུ་འཐུས་ཚང་དང་། དོ་དམ་གོ་རིམ་ལྡན་པ།ཁོར་ཡུག་མཛེས་སྡུག་ལྡན་པ་བཅས་ཀྱི་རྩེར་སོན་གྱི་ཟབ་སྦྱོང་སློབ་གླིང་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ།མུ་མཐུད་དུ་སློབ་གླིང་གི་སློབ་གསོའི་ཟབ་སྦྱོང་བྱ་གཞག་ལ་གྲུབ་འབྲས་གསར་བ་འབྱུང་བར་བྱ་དགོས།

微信图片_20210109170613.jpg

加强双语法制人才培养,保障民族团结进步事业
甘肃省法官学院二维码