2021-04-23ཉར་ཚགས་བྱ།

དགེ་རྒན་ཆེན་མོ་ལུང་ཡུན་ཆང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་མཐོར་འདེགས་འཛིན་གྲྭར་ཆེད་དོན་འཆད་ཁྲིད་གནང་བ།

རྩོམ་སྒྲིག་འགན་འཁུར་བ།:教研室 ཁྱབ་བསྒྲགས་དུས་ཚོད།:2020-12-10

 ཟླ་7པའི་ཚེས་14ཉིན།ཅང་སུའུ་དགེ་འོས་སློབ་ཆེན་ཁྲིམས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་ལུང་ཡུན་ཆང་གིས་ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་མཐོར་འདེགས་འཛིན་གྲྭར།མི་རིགས་ས་ཁུལ་ཁྲིམས་འཛིན་དྲང་གཞག་གི་སྤྱི་ཚོགས་མོས་མཐུན་ཚད་གཞི་དང་།རྒྱལ་ཁབ་བདེ་འཇགས་དང་སྐད་ཡིག་ཐོན་ཁུངསསོགས་བརྗོད་བྱར་བྱས་ཏེ་ཆེད་དོན་འཆད་ཁྲིད་གནང་།འཆད་ཁྲིད་ཀྱི་ནང་དོན་གསར་བ་ཡིན་ཞིང་སློབ་མ་ཚོའི་བློ་ཁ་དང་འཚམས་པས་སློབ་ཁྲིད་ཀྱི་ཕན་ནུས་ལེགས་པོ་ཐོབ་པ་རེད།

ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པའི་བོད་རྒྱ་སྐད་གཉིས་མཐོར་འདེགས་འཛིན་གྲྭ་དེ་ད་ལོའི་ཟླ་3པ་ནས་འགོ་ཚུགས་ཏེ་ད་ལྟའི་བར་ཟླ་4ལ་ཉེ་བའི་དུས་ཚོད་བུད་སོང་།མིག་སྔར་རྨང་གཞི་བསླབ་ཚན་མཇུག་རྫོགས་པ་དང་།སློབ་གསོའི་འཆར་གཞི་ལྟར་ན།ཕྱི་ཕྱོགས་ནས་དགེ་རྒན་གདན་འདྲེན་བྱས་ཏེ།བརྗོད་བྱ་ཆ་ཚང་ཞིང་རྣམ་པ་སྣ་མང་བ།ཆེད་དམིགས་རང་བཞིན་དང་ཕན་ནུས་རང་བཞིན་འབུར་དུ་ཐོན་པའི་སློབ་ཁྲིད་གང་ལེགས་གནང་ནས།སློབ་མ་ཚོའི་མིག་རྒྱ་ཇེ་ཆེ་དང་གཞུང་ལུགས་ཀྱི་བྱང་ཚད་ཇེ་མཐོ།སྐད་གཉིས་ཀྱི་སྨྲ་བརྗོད་ནུས་པ་དང་རྩོམ་འབྲིའི་ནུས་པ།ཕན་ཚུན་འབྲེལ་འདྲིས་ཀྱི་ནུས་པ།སྐད་གཉིས་ཀྱིས་གྱོད་དོན་ཐག་གཅོད་བྱེད་པའི་ནུས་པ་བཅས་ཇེ་ལེགས་སུ་བཏང་སྟེ།བོད་རྒྱ་སྐད་གཉིས་ཟབ་སྦྱོང་འཛིན་གྲྭ་འདི་སྤུས་ལེགས་འཛིན་གྲྭ་ཞིག་ཏུ་གཏོང་བར་འབད་པ་བྱེད་དགོས་པའི་དུས་ལ་སླེབས་འདུག

སློབ་མ་ཚོས་བལྟས་ན།བསླབ་ཚན་འདི་འདྲ་བཀོད་སྒྲིག་བྱས་པ་དེས་ཁོ་ཚོས་གང་མགྱོགས་སྒོས་སྐད་གཉིས་ཁོང་དུ་ཆུད་ཐུབ་པར་མ་ཟད།ཏང་གི་ལམ་ཕྱོགས་དང་སྲིད་ཇུས་ལ་སློབ་སྦྱོང་བྱས་ནས་ནུས་ཡོད་སྒོས་བོད་ཁུལ་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་དང་དགོས་མཁོ་སྐོང་ཐུབ་པར་མ་ཟད།རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་དང་།བོད་ཁུལ་བརྟན་འཇགས་ཁག་ཐེག མི་རིགས་མཐུན་སྒྲིལ་སྐུལ་འདེད་བཅས་བྱེད་པར་ཕན་ནུས་ཆེན་པོ་ཡོད་པ་རེད།


加强双语法制人才培养,保障民族团结进步事业
甘肃省法官学院二维码